| e-texts navigator |
| Wylie |
18a1 འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རི་གྲུ་འཛིན་ན་འཕགས་པ་སྤྱན་རས
18a2 གཟིགས་དབང་ཕྱུག་གིས་གནས་ན་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དུ་མ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
18a3 རིན་པོ་ཆེན་སྙིང་པོ་ཟླ་བ་སྣང་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་སྟན་ལས་ལངས་ནས། ཆོས་གོས་ཕྲག་པ་གཅིག་ཏུ
18a4 བཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས
18a5 གསོལ་ཏོ།། གལ་ཞུས་ན་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ
18a6 བ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས
18a7 དཔའ་ཆེན་པོ་རིན་ཆེན་སྙིང་པོ་བཟླ་བ་ལ་འདིང་སྐད་ཅེས་བཀའ་སྩལ་ཏོ།། རིན་ཆེན་སྲིང་པོ་ཟླ་བ་སྣང་བ་ཁྱོད། ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེ
18a8 ལུང་བསྟན་པས། ཁྱོད་ཀྱི་སེམས་རེངས་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་སྙིང་པོ་ཟླ་བ་སྣང་བས།