e-texts navigator
Collection
Volume
Page
Wylie

171b1 ལ་སྔ་མའི་མར་ལ་བཟླས་བརྗོད་བྱས་ཏེ་སྦྱིན་ནོ།། ཆུས་ཕྱོགས་བཅིང་བར་བྱའོ།། སྐུད་པས་བདག་བསྲུང་ངོ་།། བྱིས་པ་རྣམས་ཀྱིས་གདོན་ལ་སྐུད་པ་སྔོན་པོ་ལ
171b2 གདག་སོ།། མཚན་བཏབ་པའི་རྣ་བར་ལན་བདུན་བཟླས་བརྗོད་བྱའོ།། གཞན་དག་ལ་ཡང་རང་གི་བློས་སྦྱར་བར་བྱའོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ
171b3 སྟེང་གིས་ན་མཁའ་ལ་བཞུགས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་དང་། འབྱུང་པོ་ཐམས་ཅད་བཟློགས་པའི་ཕྱིར།
171b4 གསང་སྔགས་ཀྱི་ས་གཞི་འདི་དག་བཀའ་སྩལ་ཏོ།། ན་མོ་བུད་དྷ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷ་ཡ། ཨོཾ་ཀ་ལ་ཀ་ལ། ཀི་ལི་ཀཱི་ལཱི། ཀུ་ལུ་ཀུ་ལུ།
171b5 ཀུ་ལོད་ས་ད་ནཾ་ཀུ་རུ། སརྦ་གྲ་ནཾ་སྭཱ་ཧཱ། ན་མཁའི་སྙིང་པོ་གསང་སྔགས་ཀྱི་གཞི་འདི་དག་ནི། བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་འདས་པ་དང་།
171b6 མ་བྱོན་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ཀྱིས་གསུང་ཤིང་། ངས་ཀྱང་ད་ལྟར་བཤད་པ་སྟེ། ན་མཁེའི་སྙིང་པོ་ཁྱོད་ཀྱིས་གསང་སྔགས་ཀྱི་གཞི་འདི་དག་ཟུང
171b7 ཤིག། གང་ལ་ལ་ཞིག་འཛིན་པ་དང་། ཀློག་གམ། ཀུན་ཆུབ་པར་བྱེད་ན། དེའི་ལུས་ལ་མཚོན་གྱིས་མི་ཚུགས། དུག་གིས་མི་ཚུགས། དབྱིགས
171b8 དུག་གིས་མི་ཚུགས། རིམས་ནད་ཀྱིས་མི་འདེབས་ཤིང་། ཆུ་དང་དུས་མ་ཡིན་པར་འཆི་བ་དང་། བཤིས་ངན་དུ་འཆི་བར་མི་འགྱུར་ཏེ། སྔོན་གྱི་ལས




iiif viewer powered by OpenSeadragon

171a - 172a

Texts on this page

F583 - 'phags pa sangs rgyas bdun pa zhes bya ba theg pa chen po'i mdo