e-texts navigator
Collection
Volume
Page
Wylie

168a1 འགྱུར་རོ།། ལན་གཉིས་འབུམ་བཟླས་བརྗོད་བྱས་ན། འཕགས་པ་སྤྱན་རས་གཟིགས་དབང
168a2 ཕྱུག་མཐོང་བར་འགྱུར་རོ།། ལེན་གསུམ་འབུམ་བརྗོད་བྱས་ན། དེ་བཞིན་གཤེགས་པ་འོད་དཔག་མེད་མཐོང་བར་འགྱུར་རོ།། གཞན་ཡང་ཕན་ཡོན་དཔག་ཏུ་མེད
168a3 མོད་ཀྱི། མདོར་སྡུས་ནས་བསྟན་པ་ཡིན་ནོ།། འཕགས་པ་ཡོན་ཏན་སྔགས་པ་དཔག་ཏུ་མེད་པ་ཞེས་བྱ་བའི་གཟུངས། རྫོགས་སོ།། ། དགེའོ།། སྣང་བ
168a4 མཐའ་ཡས་ཀྱི་གཟུངས་ཞེས་ཟེར་བ་གཅིག་དང་། སྣང་བ་མཐའ་ཡས་རྗེས་སུ་དྲན་པའི་གཟུངས་དང་། འདི་གསུམ་དོན་གཅིག་པར་འདུག་པས། བཟློས་པར་མངོན
168a5 ནོ།། བཀྲིས།། རྒྱ་གར་སྐད་དུ། ཨཱརྱ་བི་ན་ཡ་ཀ་སུ་ཏྲ། བོད་སྐད་དུ། འཕགས་པ་བགེགས་སེལ་བའི་མདོ། སངས་རྒྱས་དང་།
168a6 བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པར་འཛེ་ཏའི་ཚལ་མགོན་མེད་ཟས
168a7 སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་ཚོགས་ཀྱི་བདག་པོ་ཚོགས
168a8 ཀྱི་དབང་ཕྱུག་གིས་སྙིང་པོ་འཛིན་པ་དེའི་ཆོ་ག་ཐམས་ཅད་དང་། དགོས་པ་ཐམས་ཅད་འགྲུབ་པར་འགྱུར་རོ།། གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར་རོ།།




iiif viewer powered by OpenSeadragon

167b - 168b

Texts on this page

F579 - 'phags pa yon tan bsngags pa dpag tu med pa zhes bya ba'i gzungs
F580 - 'phags pa bgegs sel ba'i gzungs