| e-texts navigator |
| Wylie |
104b1 འགྲོ་བ་ཐམས་ཅད་དང་རྗེས་སུ་མཐུན་པར་འགྱུར་རོ།། དེ་ལ་ནི་དམ་པའི་ཆོས་ཐམས་ཅད་ཡོངས་སུ་བཟུང་བ་དང་། ཡང་བར་ཆད་འབྱུང་བར་མི་འགྱུར་རོ།། དེ་ནས
104b2 བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་པོ་དག་ལ། གྲོགས་པོ་དག་ཁྱེད་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་བཞུགས་པ་ལེགས་སོ་ལེགས་སོ་ཞེས
104b3 བྱ་བ་བྱིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱི་དེ་དག་རྫུ་འཕྲུལ་ཆེ་བར་འགྱུར་བ་དང་།
104b4 ཡ་ཕན་ཡོན་ཆེ་བ་དང་། བྱིན་ཆེ་བར་འགྱུར་བའི་ཕྱིར་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་བཟུང་ཤིག། ཚངས་ཤིག། ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤིག།
104b5 གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག། གསོལ་པ། བཅོམ་ལྡན་འདས་རྒྱས་པར་བགྱི་བའི་སླད་དུ། བདག་གིས་གཟུངས་ལགས་སོ།།
104b6 དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱས་པར་བསྟན་པའི་ཕྱིར། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། གཟུངས་སྔགས་ཀྱི་ནི་མདོ་སྡེ་འདི།།
104b7 སངས་རྒྱས་ཀུན་གྱི་གསུངས་པ་སྟེ།། སེམས་ཅན་ལ་རྣམས་ལ་ཕན་པའི་ཕྱིར།། དེ་ནི་ངས་ཀྱང་བཤད་པ་ཡིན།། གང་ཞིག་གཟུངས་སྔགས་མདོ་སྡེ་འདི།
104b8 འཛིན་ཏམ་ཡང་ན་ཀློག་བྱེད་པ། ཚེ་རབས་ཉི་ཤུ་རྩ་གཅིག་ཏུ།། དེ་ནི་ཚེ་རབས་དྲན་པར་འགྱུར།། གཟུངས་འདི་བརྗོད་པར་བྱེད་འདི་ལ།། མི་མིན་གང་ཡང