e-texts navigator
Collection
Volume
Page
Wylie

104a1 རྗེས་ལ། རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས
104a2 བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་བརྒྱ་ཆེར་རྒྱས་པར་བགྱི་བ་དང་། ཆོས་སྦས་པ་དེ་དག་རྗེས་སུ་ཡོངས་སུ་བཟུང་བ་དང་། དམ་པའི་ཆོས་ཅེ་ནས་ཀྱང་ཡུན་རིང
104a3 དུ་གནས་པ་དང་། བདུད་ཐམས་ཅད་ཚར་བཅད་པའི་བར་དུ། གཟུངས་ཀྱི་གསང་སྔགས་ཀྱི་གཞི་བཙལ་བར་འཚལ་ན། བཅོམ་ལྡན་འདས་ཀྱི་དེ་ལ་ལེགས་སོ
104a4 ཞེས་བགྱི་བ་གནང་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་གཞི་ལ་ཐུགས་བརྩེ་བའི་ཕྱིར་ཅང་མི་གསུང་བར་གྱུར་པས་གནང་སྟེ།
104a5 རྒྱལ་པོ་ཆེན་པོ་གཞི་པོ་དེ་དག་གིས་ཀྱང་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བར་གྱུར་པས་གནང་བར་རིག་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། འདི་ལྟ
104a6 སྟེ། དེ་ནད་ཏེ། མ་ཧཱ་ནད་ཏེ། ཛ་བྷ་དེ། སཱམ་བྷ་དེ། ཊ་ཊེ་ཊ་ཊེ་ནེ། མ་ཧཱ་ཊ་ཊ་ནེ། ཀུད་ཊེ། ཀུན་ཊ་ནེ། དརྨ་ལེ་ཙ་ལེ་སྭཱ་སཱ།། བཅོམ་ལྡན་འདས
104a7 འདི་དག་ནི་གཟུངས་འདིའི་འཁོར་གྱིས་ཚིག་ལྟ་བུར་གདའ་བ་ལགས་ཏེ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལས། གཟུངས་ཀྱི་གསང་སྔགས་ཀྱི
104a8 གཞི་འདི་དག་འཛིན་པ་དང་། བཟླས་ཏེ་བཏོན་ནས་འཆང་བ་དེ་ནི། སྔོན་གྱི་ལས་མ་གཏོགས་པར་གཞན་གནོད་པ་ཐམས་ཅད་ལས་ཡང་དག་པར་འདའ་བ་དང་།




iiif viewer powered by OpenSeadragon

103b - 104b

Texts on this page

F553 - 'phags pa rig sngags kyi rgyal po sgron ma mchog gi gzungs