| e-texts navigator |
| Wylie |
192b1 སྤྲིན་གྱིས་ཟིན་པའི་ནད་པ་ལ་ནི། ཆུ་ལ་སྔགས་ཀྱིས་བཏང་སྟེ་གཏོར་ན་བཏབ་པར་འགྱུར་རོ།། ཀླུ་བཟློག་པར་བྱ་ན། སྨག་ཤད་ཀྱི་ལྕུག་མ་འམ། བལ་པོ་སེའུ་ཡི་ལྕགས་མས་བྱའོ།།
192b2 ཡི་དགས་དང་བརྗེད་རྣམས་ལ་སྐུད་པས་བྱའོ།། རིགས་ནད་མེད་པར་བྱ་བ་དང་། གཞོག་བྱེད་ན་བ་དང་། ཡི་ཁ་འཆུས་པ་ལ་ནི་སྐད་པས་བྱའོ།། ནོར་འདོད་ན་ཞག་ཅིག་བསྲུད་པར་གནས
192b3 ཏེ། སྤོས་ཀྱིས་བདུག་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བའི་དོན་ཐམས་ཅད། སྟོན་ལ་གསེར་གྱི་དོང་ཅེ་བདུན་སྟོང་སྦྱིན་པར་བྱེད་དོ།། རྒྱས་བཏབ་པ་དཀྲོལ་བར་འདོད་ན་ཐལ་བས་བྱའོ།།
192b4 སྒོ་ལྕགས་དབྱེ་བར་འདོད་ན་ཉུངས་དཀར་གྱིས་བྱའོ།། འཇིགས་པ་ཐམས་ཅད་བསྲུང་བ་ལ་མར་སྙིང་པ་འམ། ཐལ་བ་འམ། ཉུངས་དཀར་གྱིས་བྱའོ།། ནད་ཀྱི་འཇིགས་པ་ཐམས
192b5 ཅད་ལ་ནི་སྐད་པ་སྔོན་པོས་བསྲུང་བའི་མདུད་པ་བྱས་ཏེ། མགུལ་དུ་གཏག་ན་བསྲུང་བའི་མཆོག་ཏུ་འགྱུར་རོ།། བྱིས་པ་གདོན་གྱིས་ཉེན་པ་རྣམས་ལ་ནི་ཚོན་སྣ་ལྔའི་སྐུད་པ་མགུལ་དུ
192b6 བཏགས་པ་ན་བསྲུང་བའི་མཆོག་ཏུ་འགྱུར་རོ།། ཆོམ་རྐུན་བཟློག་ནསས་བྱའོ།། དག་ལ་ནི་རྩ་ཀུ་ཤས་བྱ་བ་པར་བྱའོ།། བདག་བསྲང་བ་ལ་ནི་ཡིད་ཀྱིས་སམ་ཆུས་བྱའོ།། གཞན
192b7 བསྲུང་བ་ལ་ནི་སྐུད་སྔོན་པོས་བྱའོ།། ལས་དེ་དག་ཐམས་ཅད་ལ་སྔགས་བརྗོད་པ་ནི། ལན་གསུམ་འམ། བདུན་ནམ། བཅུ་བཞི་འམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད
192b8 བརྗོད་པར་བྱའོ།། དེ་ལྟར་བྱས་ན་མ་འགྲུབ་པར་འགྱུར་རོ།། མཆོད་རྟེན་སྐུ་གདུང་དང་ལྡན་པའི་དྲུང་དུ་མེ་ཏོག་སྔོན་པོས་མཆོད་དེ། སྔགས་སྟོང་བཟླས་བརྗོད་བྱས་ན་འགྲུབ