| e-texts navigator |
| Wylie |
121a1 པའི་འོད་ཀྱང་ཟིལ་གྱིས་མི་སྣང་བར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་རྒྱལ་པོ་མཚར་དྲད་དུ་གྱུར་བ་སྔོན་མ་བྱུང་བའི་ལྷ་དེ་མཐོང་ནས་ལྡན
121a2 ལས་ལངས་ཏེ་ཐལ་མོ་སྦྱར་བ་བཏུད་ནས། འདི་ལྟ་བུའི་རྫུ་འཕྲུལ་གྱི་ལྟས་འདི་སུས་མཛད་པ། བཅོམ་ལྡན་འདས་ལ་དྲི་བའི་ཕྱིར་ཚིགས་སུ་བཅད་པ་དེ་གསོལ་བ། སུ་ཞིག་དེང་འདྲིར
121a3 སངས་རྒྱས་ན།། འདི་ལྟར་འོད་ཆེན་ཕྱོགས་བཏང་བ།། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་འདི་དང་།། སྟོང་གསུམ་གྱི་འཇིག་རྟེན་གསེར་དུ་སྣང་།། སུ་ཞིག་དེང་འདིར་མཐུ་བརྙེས་ནས།།
121a4 མངོ་མཚར་མཐུ་ཆེན་འོད་བཏང་བས། མཐ་ཡས་ཞིང་ཀུན་གཡོ་མཛད་དེ།། ལྷ་ཀླུའི་གནས་ཀུན་མི་བདེར་མཛད།། རྒྱུ་རྐྱེན་འདི་དག་སུའི་མཐུ། འཁོར་གྱིས་མི་འབོགས་ཐེ་ཚོམ་ན།
121a5 རྫུ་འཕྲུལ་འདི་དག་ཅིའི་སླད་དུ།། བཅོམ་ལྡན་འདས་ཐུགས་རྗེས་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་གཟུངས་ཀྱིས་རྒྱལ་པོ་ལ་བཀའ་སྩལ་པ།
121a6 རིགས་ཀྱི་བུ་དེ་ལྟར་འཁོར་འདིའི་ནང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་ཞེས་བྱ་བ་དེ་སྔོན་བསྐལ་པ་གྲངས་མེད་པ་ནས། བྱམས་པ
121a7 ཆེན་པོ་དང་། སྙིང་རྗེ་ཆེན་པོ་ཕུན་སུམ་ཚོགས་པ་དང་། གཟུངས་ཀྱི་སྒོ་གྲངས་མེད་པ་ཤིན་ཏུ་བསྒྲགས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར་རྫུ་འཕྲུལ་ཆེན་པོའི་མཐུས
121a8 འདི་འོད་བཏང་བར་ཁྱོད་ཀྱིས་ཤེས་པར་གྱིས་ཤིག། དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་སྟན་ལས་ལངས་སྟེ། གོས་ཆགས