e-texts navigator
Collection
Volume
Page
Wylie

120b1 དང་ཡང་ཐབས་གཅིག་གོ།། གཞན་ཡང་འཇིག་རྟེན་སྐྱོང་བའི་རྒྱལ་པོ་ཡུལ་འཁོར་སྐྱོང་ལ་སོགས་ཏེ། གྲངས་མེད་པ་དང་ཐབས་གཅིག་གོ།། གཞན་ཡང་ཀླུའི་རྒྱལ་པོ་རི་དཔལ
120b2 ཆེན་པོ་ལ་སོགས་ཏེ། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྷོ་ཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ལ
120b3 སོགས་པ་གྲངས་མེད་པ་དང་ཡང་ཐབས་གཅིག་གོ།། གཞན་ཡང་འདོད་པའི་ཁམས་ཀྱི་ལྷའི་སྲས་མོ་གཞོན་ནུ་ཉིད་ལ་སོགས་ཏེ། ལྷའི་སྲས་པོ་གྲངས་མེད་པ་དང་ཡང་ཐབས
120b4 གཅིག་གོ།། གཞན་ཡང་ནམ་མཁའ་ལ་གནས་པའི་ལྷ་གྲངས་མེད་པ་དང་། ཆུ་དང་ཆུའི་ལྷ་དང་། ཆུ་ཀླུང་གི་ལྷ་དང་། རྩ་དང་སྨན་གྱི་ལྷ་དང་། ཤིང་གི་ལྷ་དང་། ཁྱིམ་གྱི་ལྷ
120b5 དང་། ཆུའི་ལྷ་དང་། མེའི་ལྷ་དང་། རླུང་ལྕི་ལྷ་དང་། སའི་ལྷ་དང་། རིའི་ལྷ་དང་། གནས་དང་གཞལ་མེད་ཁང་གི་ལྷ་ལ་སོགས་པ། གྲངས་མེད་པ་དག་སོ་སོ་ནས་འདུས་ཤིང
120b6 ལྷགས་པར་འགྱུར་རོ།། དེ་ནས་བྱང་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་འཁོར་མང་པོ་དེ་ཡི་ནང་དུ་འདུས་ནས། ཕྱོགས་བཅུའི་འཇིག
120b7 རྟེན་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་ཀྱི་གསེར་གྱི་ཁ་དོག་དུ་སྣང་བའི་དོན་དུ་བྱིན་གྱིས་བརླབས་ཏེ།། ལྷ་དང་གླུ་ལ་སོགས་པའི་ཕོ་བྲང་དང་།
120b8 མཚོ་དང་ཆུ་དང་། རླུང་ཆེན་པོ་དང་། རི་རབ་དང་། ཁོར་ཡུག་དང་། རི་དང་རི་ནག་པོ་ལ་སོགས་ཏེ། ཐམས་ཅད་ཀྱང་ཤིན་ཏུ་གཡོ་བར་བྱས། ཉི་ཟླ་དང་། སྐར་མ་དང་། མེ་ལ་སོགས




iiif viewer powered by OpenSeadragon

120a - 121a

Texts on this page

F510 - 'phags pa byang chub sems dpa' spyan ras gzigs dbang phyug phyag stong spyan stong dang ldan pa thogs pa mi mnga' ba'i thugs rje chen po'i sems rgya cher yongs su rdzogs pa zhes bya ba'i gzungs