| e-texts navigator |
| Wylie |
120a1 ། ཡང་བཅོམ་ལྡན་འདས་གདན་དེ་ཉིད་ལ་བཞུགས་ཤིང་། བྱང་ཆུབ་སེམས་དཔའ་གྲངས་མེད་པ་རྣམས་ལ། འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་འདི
120a2 བཤད་པར་དགོངས་སོ།། བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུངས་ཀྱི་དབང་པོ་དང་། བྱང་ཆུབ་སེམས་དཔའ་རིན་ཆེན་རྒྱལ
120a3 བོ་དང་། བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སྨན་གྱི་བླ་དང་། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་དང་། བྱང་ཆུབ་སེམས
120a4 དཔའ་མཐུ་ཆེན་ཐོབ་པ་དང་། བྱང་ཆུབ་སེམས་དཔའ་སྡོང་པོས་རྒྱན་པ་དང་། བྱང་ཆུབ་སེམས་དཔའ་བཀོད་པ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་རིན་ཆེན་སྙིང་པོ་དང་། བྱང་ཆུབ་སེམས་དཔའ
120a5 དཔལ་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་ན་མཁའི་མཛོད་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ
120a6 བཟང་པོ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། དེ་དག་ལ་སོགས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཀྱང་ཆོས་ཀྱི་རྒྱལ་པོར་དབང
120a7 བསྐུར་བར་ཤ་སྟག་གོ།། གཞན་ཡང་ཉན་ཐོས་ཆེན་པོ་གྲངས་མེད་པ་འོད་སྲུངས་ཆེན་པོ་ལ་སོགས་ཏེ། ཀུན་ཀྱང་དགྲ་བཅོམ་པ་ས་བཅུར་གནས་པར་ཤ་སྟག་གོ། གཞན་ཡང
120a8 ཚངས་རིས་ཀྱི་ལྷ་ཚངས་པ་ཀུན་དག་ལ་སོགས་པ་གྲངས་མེད་པ་དང་ཡང་ཐབས་གཅིག་གོ།། གཞན་ཡང་ལྷའི་སྲས་པོ་ཀུ་ཀུ་པ་ལ་སོགས་ཏེ། ལྷའི་སྲས་པོ་གྲངས་མེད་པ