| e-texts navigator |
| Wylie |
85b1 རྣམ་པར་འདུལ་བར་བྱེད།། ངེས་པར་སྦྱོར་བར་བྱེད།། ཀུན་ཏུ་སྦྱོར་བར་བྱེད། རྣམ་པར་འཕེལ་བར་བྱེད། དགའ་བར་བྱེད། སོ་སོར་འགོད་པར་བྱེད། རྣམ་པར་གྲོལ་བར་བྱེད།། བྱང་ཆུབ་ཀྱི་ཐེག
85b2 པ་ལ་ལྷག་པར་འཛེག་པར་བྱེད། མྱུར་དུ་ལྷག་པར་འཛེག་པའི་ས་དང་། ཕ་རོལ་ཏུ་ཕྱིན་པའི་མན་ངག་ཀྱང་སྟོན་པར་བྱེད།། མདོར་ན་མཐར་གྱིས་བྱང་ཆུབ་ལ་གཞོལ་ཞིང་སོ་སོར་འགོད
85b3 བར་བྱེད། དགེ་བ་སྒྲུབ་པ་ལ་གནས་པ་སྐྱེད་པར་བྱེད། སྡུག་བསྔལ་དང་ཉོན་མྱོངས་པ་ཟད་པར་བྱེད།། རྣམ་པར་འཇོམས་པར་བྱེད།། རྣམ་པར་སེལ་བར་བྱེད། འདྲེན་པར་བྱེད། འཛི
85b4 པར་བྱེད། མདོར་ན་རང་གི་སྨོན་ལམ་གྱི་སྟོབས་དང་།། བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམ
85b5 ཐམས་ཅད་དུ་དེ་བཞིན་གཤེགས་པའི་མཛད་པ་ཡང་བྱེད་པར་འགྱུར་རོ།། འདིར་ཡང་སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་དོན་ཡོངསུ་མི་ཉམ་པའི་ཆོ་ག་བཤད་པར་བྱ་སྟེ། སྔགས
85b6 འཛིན་པས་དང་པོར་རེ་ཤིག་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་བྱིས་པ་སོ་སོའི་སྐྱེ་བོའི་ས་ལས་འདས་པ་དང་།། དེ་བཞིན་གཤེགས་པའི་བྱིན་གྱི་བརླབ
85b7 པའི་རྙེད་པ་ཉིད་ལ་བདག་ཉིད་དད་པར་བྱའོ།། སྒྲུབ་པ་པོའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་སྔ་དྲོ་དང་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད