| e-texts navigator |
| Wylie |
85a1 ཚོགས་པས་གནས་པའི་ཏིང་ངེ་འཛིན་གྱིས་རྣམ་པར་རྩེ་བ།། ལས་ཐམས་ཅད་རྗེསུ་དྲན་པའི་ཆོ་ག་ཡང་དག་པར་སྦྱོར་བའི་བཟུངས་ཐོབ་པར་གྱུར་ཞིང་།། སེམས
85a2 ཅན་གྱི་ཁམས་དང་མོས་པ་དང་རྗེས་སུ་མཐུན་པའི་གཟུགས་སྣ་ཚོགས་མངོན་པར་གྲུབ་པར་འགྱུར་རོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་བརླབས་ཀྱི་སྟོབས
85a3 དང་། སྟོབས་སྣ་ཚོགས་མངོན་པར་སྒྲུབ་པར་བྱེད་པའི་སྒོ།། སངས་རྒྱས་རྗེསུ་དྲན་པའི་མོས་པས་སྙིང་པོ་འདི་བཟླས་ན་གཟུགས་སྣ་ཚོགས་མཐོང་བར་འགྱུར་རོ།། མདོར་བསྡུ་ན་སངས
85a4 རྒྱས་འབྱུང་བའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་ཡང་མཐོང་བར་འགྱུརརོ།། དེ་བཞིན་གཤེགས་པ་གསུང་གི་འཁོར་ལོ་འདི་དཀྱིལ་འཁོར་ཡང་སྒྲ་འཛིན་པར་འགྱུར་རོ།། གསེར་དང་ནོར་བུ
85a5 དང་མུ་ཏིག་ལ་སོགས་པའི་ཆར་ཡང་མངོན་པར་འབབ་པར་འགྱུར་རོ།། སེམས་ཅན་གྱི་ཁམས་ཐམས་ཅད་དུ་ཡི་དག་རྣམས་ལ་བཟའ་བ་དང་བཅའ་བ་དང་བཏུང་བ་ཡང་མངོན་པར་རབ་ཏུ
85a6 འབབ་པར་འགྱུར་རོ།། དམྱལ་བ་རྣམས་ཀྱི་གྲངས་པ་ལ་དྲོ་བ་ཡང་དག་པར་བསྐྱེད་པར་བྱེད་དོ།། དུད་འགྲོ་རྣམས་ཀྱི་ཅིག་ལ་ཅིག་ཟ་བའི་སྡུག་བསྔལ་ཡང་རབ་ཏུ་ཞི་བར་བྱེད་དོ།། སེམས
85a7 ཅན་མོས་པའི་སྒོ་སྣ་ཚོགས་པའི་ཡུལ་ཅན་གྱིས་སེམས་ཅན་གྱི་ཁམས་རྣམ་པར་སྦྱོང་བར་བྱེད།། བྱིན་གྱིས་བརློབ་པར་བྱེད།། ཡོངས་སུ་རྫོགས་པར་བྱེད།། ཡོངསུ་སྨྱིན་པར་བྱེད།།