| e-texts navigator |
| Wylie |
229b1 ། འཕགས་པ་དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་རྫོགས་སྷོ།། ། རྒྱ་གར་མཁན་པོ་ཆེན་པོ་གྲུབ་པ་བརྙེས་པ་སངས་རྒྱས་གསང་བ་དང་།། ལོཙྪ་བ་མཁས་པ་ཆེན
229b2 པ་དངས་མཉྫུ་ཤྲཱི་ཝརྨས་ཞུས་ཤིང་བསྒྱུར་བའོ།། @། དགེའོ།།
229b3 ། མཾ་གཱ་ལ་བྷི་ཏོ།། @་། སརྦ་མངྒ་ལཾ།།
229b4 @##།། ། རྒྱ་གར་སྐད་དུ། སརྦེ་མཎ་བ་ལ་ས་མན་བྷི་དྷི་ན་གྷཱ་ཧྱ་ཏན་ཏྲ།། བོད་སྐད་དུ། དཀྱིལ་འཁོར་ཐམས་ཅད་ཀྱི་སྤྱིའི་ཆོ་ག་གསང་བའི་རྒྱུད།།
229b5 ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། དེ་ནས་གཞན་ཡང་གསང་བའི་རྒྱུད།། དཀྱིལ་འཁོར་དག་ནི་ཐམས་ཅད་ཀྱི།། སྤྱིའི་ཆོ་ག་རྒྱས་པ་དག། མདོར་བསྡུས་རབ་ཏུ་བཤད་པར་བྱ།། གཞན
229b6 གྱིས་མི་ཐུབ་ལ་སོགས་གང་།། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་།། རབ་ཏུ་གནས་པ་ལ་སོགས་དེ་གང་།། པད་མོ་རིགས་ཀྱི་བཤད་པ་དང་།། འཇིག་རྟེན་དག་ལ་བརྩེ་ཕྱིར་ངས།། རྣམ
229b7 པར་གནོན་པ་ལ་སོགས་པ།། དཀྱིལ་འཁོར་སུམ་སྟོང་དག་དང་ནི།། ལྔ་བརྒྱར་བཤད་པ་གང་ཡིན་པ།། དཀྱིལ་འཁོར་དེ་དག་རྣམས་ཀྱི་སྤྲིའི།། ཆོ་ག་འདི་ནི་ནི་ངས་བཤད་དོ།། དེ་ལྟ་བས་ན་ཆོ་ག