| e-texts navigator |
| Wylie |
196a1 @#། རྒྱ་གར་སྐད་དུ། ཨཱ་ར་སུ་པ་ཧུ་བ་རི་པྲི་ཏ་ཚིན་ཏན་ཏྲ་ན་མ། བོད་སྐད་དུ། འཕགས་པ་དཔུང་བཟངས་ཀྱིས་ཞུས་པའི་རྒྱུད
196a2 ཅེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། གནོད་སྦྱིན་བདག་པོ་ཉི་མ་སྟོང་གི་གཟི།། ཐུགས་རྗེ་བརྩེར་གཟིགས་ཡིད་གྱུར་ཞུགས་པ་ལ།། དཔུང་བཟངས་གུས་པས
196a3 ཚུལ་བཞིན་ཕྱག་འཚལ་ནས།། རིགས་དང་གསང་སྔགས་ཚོ་གས་ཀུན་འགྲུབ་པར་ཞུས།། བདག་གིས་ས་སྟེངས་མི་རྣམས་ཟླས་བརྗོད་དང་།། བསྐང་དང་དཀའ་ཐུབ་ངེས་པར་སྤྲད་རྣཾས་ཀྱིས
196a4 རབ་ཏུ་སྒྲིམས་ཀྱང་གྲུབ་པར་མ་མཐོང་ན།། ཡབ་ཅིག་ཅི་སླད་དཀའ་ཐུབ་དོན་མ་མཆིས།། གཙོ་བོ་གཟི་བརྗིད་གཟི་འོད་མེ་ལྟ་བུ།། ཁྱོད་ཀྱིས་སྡིག་འཇོམས་དག་བྱེད་རྣམས་ཀྱི་མཆོག།
196a5 བདེན་པ་གསུང་གི་རབ་ཏུ་བཀའ་སྩལ་ན།། ཇི་ལྟར་སྔགས་རྣམས་འབྲས་བུ་མ་མཆིས་འགྱུར།། རབ་དང་འབྲིང་དང་དེ་བཞིན་ཐ་མ་རྣམས།། བསྒྲུབས་ཀྱང་གསང་སྔགས་འབྲས་བུ་མི་སྩོལ་ན།། བསྙེན
196a6 བས་ཅི་སྟེ་ཅུང་ཟད་སྒྲུབ་མེད་ན།། བསྒྲུབ་པ་ཉོན་མོངས་ཁོ་ན་ཅི་རུང་ལགས།། རྒྱལ་བས་ཡེ་ཤེས་ཞི་བ་གང་ཡིན་པ།། དེ་ཡིས་འདི་དག་གོས་པར་སྔོན་གསུངས་ན།། གང་ལ་སྔགས་དང
196a7 རིག་པ་གྲུབ་མེད་པ།། དེ་དག་རྣམས་ཀྱང་གསོ་བར་བགྱི།། ཐུགས་རྗེ་ལྡན་པས་འགྲོ་ལ་སྨན་སླད་དུ།། ཁྱོད་ཀྱིས་གསང་སྔགས་སྣ་ཚོགས་བཤད་པ་རྣམས།། དེ་དག་ཟླས་བརྗོད་སྦྱིན་བསྲེག