| e-texts navigator |
| Wylie |
28b1 དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དགུག་པ་དང་། བཞུག་པ་དང་། དམ་ཚིག་གིས་བཅིང་བ་དང་། དབང་དུ་བྱ་བ་ལ་སོགས་པ་གྲུབ་པ
28b2 ཐམས་ཅད་ཀྱི་ལས་ནི་བཅོམ་ལྡན་འདས་ཀྱི་གཡས་སུ་རྩ་འཇམ་པོ་གཏིང་བ་ལ་འདག་སྟེ། སྟོད་གཡོགས་སྦྱངས་མ་ལྟར་གསོལ་ཏོ།། ཏིང་ངེ་འཛིན་གྱི་བརླབ་ཅིང་།
28b3 འཁོར་ལོ་ལྟ་བུའི་ཐབ་ད་དུ་བ་མེད་པའི་འདབ་མ་ཏིལ་དང་འབྲས་ལ་སོགས་པ་ནས་འབྲས་གཡས་གཡོན་གྱིས་བསྲེག་གོ། དེ་ནས་བཅོམ་ལྡན་འདས་ཀྱི་གཡོན་དུ་རྡོ་རྗེ
28b4 ལྟ་བུའི་ཟབ་བྱས་ལ་སྟོད་གཡོགས་ཀྱི་ཡན་ལག་ཀུན་བཅིང་སྟེ། རླན་སྟན་འཇམ་པོ་ལ་འདུག་ནས་ཡམ་ཤིང་ཐབས་ཀྱིས་འབར་བའི་ཕྲེང་བ་ལ་འཛིན་པའི་མེ། ལག
28b5 པ་གཡས་རྡོ་རྗེ་དང་བཅས་པ་ཁུ་ཚུར་གྱི་ཕྱག་རྒྱ་བཅིངས་ནས། ལག་པ་གཡོན་པ་རྡོ་རྗེའི་ཁུ་ཚུར་འཛིན་པས་བཟུང་ནས་འཛུམ་ཤིང་དགའ་བར་བྱས་ཏེ། རྡོ་རྗེའི་ཚིག།
28b6 བཟླས་ཤིང་རོ་ཐམས་ཅད་སྲེགས་ནས། རྡོ་རྗེ་འཛིན་པ་ཐམས་ཅད་དགུགས་པ་དང་། བཅིང་བ་དང་། དབང་དུ་བྱ་བ་ལ་སོགས་པའི་དམ་པ་གྲུབ་པའི་སྦྱིན་བསྲེག་གི་ཚེ
28b7 ཀ་བྱའོ།། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་དཀྱིལ་འཁོར་ཐམས་ཅད་ཀྱི་ཆོ་གའོ།། དེ་ནས་ཡེ་བྱད་བཤད་པར་བྱའོ་ཞེས་ནས