e-texts navigator
Collection
Volume
Page
Wylie

28a1 པར་ཙུད།། གནས་ལས་རྣམ་པ་ཐམས་ཅད་ཀྱང་།། སློབ་དཔོན་གྱིས་ནི་དེ་བཞིན་བསླབ།། དེ་ལ་ལས་ཀྱི་སྦྱོར་བ་འདིའོ།། བཅོམ་ལྡན་འདས
28a2 ཀྱི་སྤྱན་སྔ་རུ་ཟབ་གྲུ་བཞི་བྱས་ལ། དམར་པོའི་ཡམ་ཤིང་གིས་བུད་ལ། དམར་པོའི་མེ་ཏོག་འབྲས་བུ་རྣམས་སྦྲང་རྩི་དང་མར་ལ་སྦག་སྟེ། བླ་གོས་གཡས་སུ་བཟུང་ལ
28a3 ཀུ་ཤིའི་བམ་པོ་ལ་འདག་སྟེ། རྡོ་རྗེའི་ཚིག་འདི་བཟླས་ཤིང་ཞི་བ་དང་། རྒྱས་པ་དང་དབང་དུ་བྱ་བ་ལ་སོགས་པའི་ཞི་བའི་ལས་རྣམས་ལ་ལག་པ་གཡོན་པས
28a4 བདག་གི་ཕྱག་རྒྱས་བཅིངས་ཏེ། གཡས་པས་བསྲེགས་ན་དེ་དག་འགྲུབ་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱི་རྒྱབ་དུ་ཐ་བ་གསུམ་དུ་ཁ་བའི་ཚེར་མ་རྣོན་པོའི
28a5 ཡམ་ཤིང་དང་འདབ་མ་དང་། མེ་ཏོག་དང་ཡལ་གའི་རྩེ་མོ་དང་སྡོང་བུ་དང་འབྲས་བུ་དང་། ཡང་དེ་འདྲ་བའི་གང་གི་ཁྲག་གིས་སྐས་ནས་སྟན་ཁྲ་བོ་ལ་འདག་སྟེ།
28a6 བླ་གོས་གཡོན་དུ་བཟུང་བ་ལ་ཁྲོས་པའི་ཚིག་བཟླས་ཤིང་གཡོན་པས་བསྲེགས་ན་དགུག་པ་དང་། བཞུག་པ་དང་། བཅིངས་པ་དང་། རྒྱས་གདབ་པ་དང་།།
28a7 གཞོམ་པ་དང་། བཅིང་བ་དང་། བསྐལ་བ་དང་། སྙོམ་པར་བྱས་པ་དང་། གཏན་པོ་བ་ལ་སོགས་པའི་ལས་དྲན་པ་རྣམས་རབ་ཏུ་འགྲུབ་པར་འགྱུར་རོ།།




iiif viewer powered by OpenSeadragon

27b - 28b

Texts on this page

F475 - 'jig rten gsum las rnam par rgyal ba rtog pa'i rgyal po chen po