e-texts navigator
Collection
Volume
Page
Wylie

281b1 ཁའི་མཆོག་འདི་གསུངསོ།། རས་ལ་བཅོམ་ལྡན་འདས་ཐམས་ཅད་རིག་པ་དེ་བཞིན་དུ་བྲིས་ལ། གཡས་སུ་ནི་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི
281b2 བརྗིད་ཀྱི་རྒྱལ་པོའོ།། གཡོན་ཕྱོགས་སུ་ནི་ཤཱཀྱ་ཐུབ་པའོ།། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་འོག་ཏུ་ནི་ཀུན་ཏུ་སྤྱན་རས་གཟིགས་དབང་ཕྱུག་མདོག་ཟླ་བ་ལྟ་བུ།། ཕྱག
281b3 ན་པད་མ་བསྣམས་པ་བྱ། ཤཱཀྱ་ཐུབ་པའི་འོག་ཏུ་ནི། ཕྱག་ན་རྡོ་རྗེ། དེ་གཉིས་པ་ནི་སྨན་གྱི་བླ་མོ་དོག་སྔོན་པོ་ཕྱག་གཅིག་ན་འབྲས་བུ་ཨ་རུ་ར་བསྣམས་པ། ཕྱག་གཅིག་མཆོད
281b4 མཆོད་སྤྲིན་དུ་བྱ། རྟ་མགྲིན་དང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་མ་རུངས་པ་འཇོམས་པ་ལ་བརྩོན་པ་གཉིས་ནི་རབ་ཀྱི་ལྷ་ལ་རྟེན་པ་བྲི།། དེ་གཉིས་ཀྱི་དབུས་སུ
281b5 ལོ་ཙ་ན་དོང་མ་མ་ཀི་དང་གོས་དཀར་མོ་དང་སྒྲོལ་མ་རྣམས་རང་གི་མཚན་མ་ཕྱག་ཏ་ཐོགས་པ་བྲི། དེ་དག་གི་འོག་ཏུ་པད་མའི་རྫིང་བུའི་ཆུ་དང་། ཆུ་སྲིན་དང་། ཉ་དང་རས་སྦལ
281b6 དང་། སྦལ་པ་དཀར་པོ་དང་། ཉ་འཁར་བ་ལ་སོགས་པ་དང་། ཆུ་ལས་སྐྱེས་པའི་མེ་ཏོག་རྣམས་དུ་མས་ཡོངས་སུ་གང་བ་བྲི། གདུག་པ་དང་མར་མེ་དྲི་དང་ཕྲེང་བ་དང་།
281b7 བ་ཤོས་དང་། མེ་ཏོག་དང་འབྲས་བུ་རྣམ་པ་སྣ་ཚོགས་པ་བྲི། དེའི་འོག་ཏུ་སྒྲུབ་པ་པོ་ཉིད་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ཞིང་འདུག་པ་བྲིའོ།། དེ་ནས་རི་མོའི་སྐུ་གཟུགས་དེ།




iiif viewer powered by OpenSeadragon

281a - 282a

Texts on this page

F478 - de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa zhes bya ba