| e-texts navigator |
| Wylie |
27a1 སླབ་པའི་སྡོམ་པ་འཛིན་པ་སོ་སོར་གནས་པར་བྱས་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིག། དེ་ནས་གདོང་རས་ཀྱི་གཡོགས། མགོ་གཙུག
27a2 གཏོར་དུ་བྱས་ཏེ། རྡོ་རྗེ་འཛིན་པའི་ཕྱག་རྒྱ་བཅིངས་ལ་ཆུ་ཅིག་བཅུག་ནས་མེ་ཏོག་གཏོར་ཏེ། དེ་ནས་གང་ལ་བབས་པ་ནི་དེའི་ལྷའོ།། དེ་ནས་གདོང་པ་བཅིངས་པ་བཀྲོལ
27a3 ནས་རང་གི་རིག་པའི་ལྷ་སྟོན་ལ་དེ་ལ་མཆོད་ཅིང་སློབ་དཔོན་ལ་ཡང་ཅི་འདོད་པའི་ཡོན་ཕུལ་ནས། དེ་རང་གི་རིམ་པ་འམ། སྔགས་བཟླས་ཏེ། ཕྱག་རྒྱ་འམ་བཅིང་ངོ་།།
27a4 འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས། འཇིག་རྟེན་གསུམ་གྱི་འཁོར་ལོ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོའོ།། དེ་ནས་རྡོ་རྗེའི
27a5 དཀྱིལ་འཁོར་འབྱུང་སྟེ། རྡོ་རྗེའི་ཕྲེང་བ་མཉམ་ལྡན་པས། རྡོ་རྗེའི་དཀྱིལ་འཁོར་བརྟག་པར་བྱའོ།། འཇུག་པར་བྱ་བ་དེ་བཞིན་ཏེ།། ལས་ཀྱང་དེ་དང་འདྲ་བར་བྱའོ།།
27a6 དཀྱིལ་འཁོར་དེ་རེ་ཞུགས་ནས་སུ།། དེ་བཞིན་རྡོ་རྗེ་གསོར་བར་བྱ།། འཇིག་རྟེན་གསུམ་རྒྱལ་བར་བསླབས་ནས།། རྡོ་རྗེ་མཆོག་ནི་གྲུབ་པར་བྱའོ།། འཇུག་པ་རྡོ་རྗེ་བསྡུས
27a7 པའི་མཆོག་ནི་ལག་པ་གཉིས་ཀྱིས་རྡོ་རྗེའི་ཕྱག་རྒྱ་འཛིན་པས་རྡོ་རྗེ་བཟུང་ལ་ཅིའི་སླད་དུ་མགུལ་བ་དེ་སྲིད་དུ་བཟླས་སོ།། དེ་ཕྱིན་ཆད་རྡོ་རྗེ་དེས་ལས་ཐམས་ཅད་བྱེད་དེ།།