| e-texts navigator |
| Wylie |
26b1 བརྒྱ་རྣམས་སོ།། གནན་དལ་དང་ནི་ནད་དག་དང་།། མཁའ་སྒོམ་དང་གདོན་དྲག་རྣམས།། བཞག་གམ་ཡང་ན་བྲི་བར་བྱ།། ཆོས་མིན་ཅན་ནི་གཞིག་ཕྱིར་རོ།། དེའི་ཕྱི་རོལ
26b2 དུ་བཀོད་པ།། གཏོར་མ་སྣ་ཚོགས་མཆོག་རྣམས་སོ།། དེ་ནས་དཀྱིལ་འཁོར་ཆེན་པོའི་ཆོ་ག་འབྱུང་སྟེ།། དེ་ལ་ཐོག་མ་ཉིད་དུ་སློབ་དཔོན་གྱིས་དེ་བཞིན་གཤེགས་པ་ཐམས
26b3 ཅད་ལ་ཕྱག་བཙལ་ཏེ་འཇུག་པ་ནི། གཙང་མ་གོས་གཙང་མ་བགོས་ལ་སེ་རེལ་ཐེ་ག་དམར་པོ་ཐོགས་ནས། རྡོ་རྗེ་འཛིན་པའི་ཕྱག་རྒྱ་བཅིངས་ལ། དེའི་སྟེང་ད་དྲི་ཞིམ་པོའི
26b4 མེ་ཏོག་བཞག་ནས་སྙིང་པོ་འདི་བརྗོད་ལ་ཞུགས་ཤིག། ཨོཾ་བཛྲ་པྲ་ཏི་ཚ་མ་མ་ཧ་ཧ་ཧ་ཧ་ཧི། དེ་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་དུ་རུ་ཀིའི་བདག་པ
26b5 འམ། ཅི་བདོག་པས་གསོལ་ལོ།། རྡོ་རྗེ་འཛིན་མ་འཛུབ་མོ་གཉིས་ཀྱི་ཀྱོ་བཏང་དུ་བྱས་ལ། སྙིང་པོ་འདི་བརྗོད་དོ།། ཨོཾ་སུ་རུ་པྲ་གྲ་བི་རེ་ནི་བཛྲ་ས་མོ་ཡ་ཧི་བི་ཏེ་ཡེ་སྭཱཧཱ།
26b6 ཉི་ཤུ་རྩ་གཅིག་བཟླས་ནས། དེ་ནས་ཚན་མ་འབྱུང་བ་ནི་བ་སྤུ་གཡོ་བ་ལ་སོགས་པོ་དང་། ས་གཡོ་བ་འམ། དྲི་ཞིམ་པོ་འམ། འོད་ཟེར་མཐོང་བ་དེ་ནས་ཕྱག་ན་རྡོ་རྗེའི་སྐུ
26b7 བོར་མེ་ཏོག་གཏོར་ཅིག། དེ་ནས་སློབ་མ་བཞུག་སྟེ། དེ་ལ་ཐོགས་མ་ཉིད་དུ་ཁྲུས་བྱས་ནས་སློབ་མ་ཉིད་གོས་གཙང་མ་སྟོན་ཏེ། གསུམ་ལ་སྐྱབས་སུ་གཏོང་བ་དང་།