e-texts navigator
Collection
Volume
Page
Wylie

26a1 པར་བྱ།། སངས་རྒྱས་མཐའ་བསྐོར་ཐམས་ཅད་དུ།། བྱང་ཆུབ་བརྒྱད་ནི་རིམ་བཞིན་པར།། བྲི་བའམ་ཡང་ན་བཞག་པར་བྱ།། ཚོན་སྣ་ལྔ
26a2 མཆོག་རྣམས་ཀྱིས་སོ།། སངས་རྒྱས་སྤྱན་སྔ་དེ་རུ་ནི།། ཕྱག་ན་རྡོ་རྗེ་དེ་བཞིན་ནོ།། བྲི་འམ་བཞག་པར་བྱ་བ་ནི།། རྡོ་རྗེ་ཧཱུཾ་ཞེས་པར་འདས་སོ།། དེ་ཡི་ཞབས་ནི་གཡོན་པ
26a3 ཡིས།། དབང་ཕྱུག་ཆེན་པོ་གནན་པར་བྱ།། གཡས་པའི་ཞབས་ཀྱིས་བཙིར་བ་ནི།། ཉོན་མོངས་པའི་ལྷ་མོའོ།། འདོད་དྲུག་སྤྱོད་པའི་ལྷ་རྣམས་དག། སྲད་བུ་རིམ
26a4 བདུན་པར་དག་ཏུ།། བྲི་འམ་ཡང་ན་བཞག་པར་བྱ།། རྡོ་རྗེ་ཤུགས་དགོངས་དེ་ནས་སུ།། ཕྱི་རོལ་འབྱུང་གནས་དེ་རུ་ཡང་།། གླིང་རྣམས་བཞི་ཡང་བྲི་བར་བྱ།། དབྱིབས
26a5 དང་ཆོ་ག་ཇི་བཞིན་དུ།། སྒྲའི་རི་མོ་ལེགས་པ་བཏོད།། གླེང་རྣམས་དབུས་ནི་ཐམས་ཅད་དེ།། འཇིག་རྟེན་ཇི་བཞིན་སོགས་བྱའོ།། ཚངས་པ་ལ་སོགས་བཞི་ཡི་རྣམས།
26a6 དེ་རུ་འཇིག་རྟེན་དབང་པོ་བྲི།། ཁོ་ར་ཁོར་ཡུག་པའི་རི་དང་།། གླིང་རྣམས་ཀྱི་ནི་བར་དག་ཏུ།། ཕྱི་ཡི་རྡོ་རྗེ་རིགས་རྣམས་ཀྱི།། དཀྱིལ་འཁོར་ཡང་དག་བྲི་བར་བྱ།། སྒོ
26a7 བསྲངས་བྲི་བར་བྱ་བ་ཡང་།། རྡོ་རྗེ་སྒོ་བཞི་དེ་དག་ཏུ།། རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང་།། སྒྲོག་དང་དྲིལ་བུ་དེ་བཞིན་ནོ།། ཁོ་ར་ཁོར་ཡུག་རི་ཡི་ནི།། ཕྱི་རོལ་དམྱལ་བ




iiif viewer powered by OpenSeadragon

25b - 26b

Texts on this page

F475 - 'jig rten gsum las rnam par rgyal ba rtog pa'i rgyal po chen po