e-texts navigator
Collection
Volume
Page
Wylie

25b1 དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡིད་རངས་ཏེ་ཚིགས་སུ་བཅད་པ་འདི་སྨྲས་པ།། སེམས་ཅན་ཀུན་ལ་ཕན
25b2 པའི་ཕྱིར། སངས་རྒྱས་ཀུན་གྱིས་བྱིན་བརླབས་ཏེ།། གྲུབ་པ་ཐམས་ཅད་བྱེད་པའི་མཆོག། དཀྱིལ་འཁོར་ཆེན་པོ་བཤད་པར་བྱའོ།། དེ་ནས་ཡང་དག་བཤད་པ
25b3 ནི།། དཀྱིལ་འཁོར་ཆེན་པོ་དམ་པ་སྟེ།། ཆོས་ཀྱི་འཁོར་ལོ་ཚུལ་འདྲ་བར།། དཀྱིལ་འཁོར་ཐམས་ཟློག་བཏབ་པོ།། དེ་ནས་སྲད་བུ་བྲི་བའི་མཆོག་ནི་འདི་ལྟ་སྟེ།
25b4 ག་སར་ཤིང་ལེགས་པར་བྱས་པ་དང་། ཚད་མ་བཟང་པོ་སྲེད་བུ་ཡིས།། ཤེས་རབ་ཅན་གྱིས་སྲད་བྲེ་བ།། འཇིག་རྟེན་གསུམ་རྒྱལ་དྲན་ཞིང་ངོ་།། དེ་ཡི་དབུས་སུ
25b5 གང་ཡིན་ནོ།། སེང་ལྡེང་ཕུར་བུ་བརྟན་པར་རོ།། དེ་ལ་སྲད་བུ་བྲི་གསུངས་པ་ཡི།། སྲད་བུ་ཉིས་ལྟབ་ཀྱིས་བྱས་ཏེ།། བཅུ་དྲུག་ཆ་རུབབོ་བར་བྱའོ།། ཐམས་ཅད་དུ་ནི
25b6 རིམ་གསུམ་མཆོག། ཁོར་ཁོར་ཡུག་རི་དགས་དང་།། ཕུར་བུ་ཡིས་ནི་དེ་བཞིན་ནོ།། དེ་ཡི་ནང་དུ་བྱ་བ་ནི།། སྲེད་བུ་རིམ་བདུན་ལྡན་པར་སྟེ།། ཚོན་གསེར་དྲི་ཞིམ་ལྡན་པ་ཡིས།
25b7 ཐིག་རྣམས་ཀྱང་ནི་དགང་བར་བྱ།། དེ་ཡི་དབུས་སུ་བཞག་པ་ནི།། ཤིན་ཏུ་བསླབས་པའི་ནས་ཕུལ་བཞིའོ།། དེའི་སྟེང་དུ་མགོན་པོ་སྟེ།། སངས་རྒྱས་གཟུགས་བརྙན་པན།




iiif viewer powered by OpenSeadragon

25a - 26a

Texts on this page

F475 - 'jig rten gsum las rnam par rgyal ba rtog pa'i rgyal po chen po