| e-texts navigator |
| Wylie |
25a1 བཅོམ་ལྡན་འདས་བདག་ནི་སེམས་ཅན་འདུལ་བ་ལགས་ན། བཅོམ་ལྡན་འདས་མ་རུངས་པའི་སེམས་ཅན་གྱི་དཀྱིལ་འཁོར་དེ་དག་ཇི་ལྟར
25a2 བགྱི་བ་བཀའ་སྩོལ་ཅིག། བཅོམ་ལྡན་འདས་ཀྱིས་གསུངས་པ། གང་གིས་སེམས་ཅན་དེ་རྣམས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱས་ནས་བླ་ན་མེད་པ་ཡང་།
25a3 དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དམ་ཚིག་འདི་ཉིད་ལ་ཙུད་ཅིག། དེ་ནས་ཡང་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ
25a4 ལྡན་འདས་མཁའ་འགྲོ་མ་ལ་སོགས་པའི་གནོད་པ་འདི་དག་ལ་ཇི་ལྟར་ནན་ཏན་བགྱི། རིམས་ལ་སོགས་པ་ལ་ཇི་ལྟར་བགྱི། དམྱལ་བ་ལ་སོགས་ངན་སོང་གི་གནས།
25a5 རྣམས་ཇི་ལྟར་བགྱི་བཅོམ་ལྡན་འདས་ཀྱི་ས་གསུ་ངས་པ་དམ་ཚིག་དེ་ཉིད་ལ་ནན་ཏན་བྱེད་དུ་ཆུག་ཤིག། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་མི་རྣམས
25a6 ཇི་ལྟར་ནན་ཏན་བགྱི། བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོར་བཙུད་ནས། རྡོ་རྗེའི་དཀྱིལ་འཁོར་དུ་བཙུད
25a7 ཅིག། རྡོ་རྗེའི་དཀྱིལ་འཁོར་དུ་བཙུད་ནས་དམ་ཚིག་གི་དཀྱིལ་འཁོར་དུ་བཅུད་ཤིག། དམ་ཚིག་གི་དཀྱིལ་འཁོར་དུ་བཙུད་ནས་ལས་ཀྱི་དཀྱིལ་འཁོར་དུ་བཙུད་ཙོག