e-texts navigator
Collection
Volume
Page
Wylie

24b1 རྒྱུ་བའི་མ་རྣམས་དབང་བསྐུར་བ་བྱིན་པ་ནི་འདི་ལྟ་སྟེ། ཞིབ་མོ་ནི་རྡོ་རྗེ་ཕོ་ཉ་མོའོ།། རླུང་མ་ནི་རྡོ་རྗེ་འགོག་མཐོང་ངོ་།། མེ་ནི་རྡོ་རྗེ་འབར་མའོ།། ཀུ་བེ་ར་ནི་རྡོ་རྗེ་ཐག་ཟུག
24b2 མ་སྟེ། དེ་ལས་སོགས་པ་ནི་རྡོ་རྗེ་ཕོ་ཉ་མོར་དབང་བསྐུར་རོ།། དེ་ནས་ས་འོག་ན་གནས་པའི་མ་མོ་ཐམས་ཅད་དབང་བསྐུར་བ་བྱིན་པ་ནི་འདི་ལྟ་སྟེ། ཕག་མོ་ནི་རྡོ་རྗེ་གདོང་།།
24b3 མགོ་ལྕགས་མ་ནི་རྡོ་རྗེ་ནག་པོའོ།། སྣ་ཚད་མ་ནི་རྡོ་རྗེ་མྱགས་མའོ།། ཀླུ་མོ་ནི་རྡོ་རྗེ་ཆུ་སྲིན་མ་སྟེ། དེ་ལ་སོགས་པ་ནི་རྡོ་རྗེ་བྲན་མོར་དབང་བསྐུར་རོ།། དེ་ནས་ཕྱག་ན་རྡོ་རྗེ
24b4 བྱང་ཆུབ་སེམས་དཔའ་ཆེན་པོ་ས་བཅུད་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་བསྐྱེད་ནས་རྡོ་རྗེ་དམ་ཚིག་བྱིན་པ། ཨོཾ་བ་ལི་བསྟོད། བ་ལི་ཏ་བཛྲ་ཨ་ཀར་ཤ་ཡ།
24b5 ཧཱུཾ་ཛ། ལྷ་རྣམས་འགུགས་པའོ།། ཨོཾ་བཛྲ་ཨ་བྲི་པི་ཏ་ཡ་ས་མ་ཡ་ཧཱུཾ། བར་སྣང་ལ་རྒྱུ་བ་རྣམས་ཀྱིའོ།། ཨོཾ་བཛྲ་མ་ལ་གྲ་བ། ཕྲེང་བ་འཆང་བ་རྣམས་ཀྱིའོ།།
24b6 ཨོཾ་བཛྲ་བན་ཏ་ཙི། ས་ལ་རྒྱུ་བ་རྣམས་ཀྱིའོ།། ཨོཾ་བཛྲ་སྭ་སྟ་ལ་བཛྲ་ཧཱུཾ་ཕཊ། འོག་ན་གནས་པ་རྣམས་ཀྱིའོ།། ཨོཾ་བཛྲ་ཧེ་རུ་ཀ་བཛྲ་ས་མ་ཡ་སརྦ་དུསྟ་ས་མ་ཡ
24b7 མུད་ཏྲ་ཀ་པྲ་བཛྲ་ཀ་ཧཱུ~ཾ་ཕཊ། མ་རྣམས་ཐམས་ཅད་ཀྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་ན་རྡོ་རྗེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།།




iiif viewer powered by OpenSeadragon

24a - 25a

Texts on this page

F475 - 'jig rten gsum las rnam par rgyal ba rtog pa'i rgyal po chen po