e-texts navigator
Collection
Volume
Page
Wylie

24a1 གིས་དབང་བསྐུར་བ་བྱིན་པ་ནི་འདི་ལྟ་སྟེ། ཕག་ནི་རྡོ་རྗེ་ཀྱོ་བའོ།། གཤིན་རྗེ་ནག་པའོ།། སའི་རྦ་ནི་རྡོ་རྗེ་རྣམ་འདྲེན་ནོ།། བ་རུ་ན་ནི
24a2 རྡོ་རྗེ་རླུང་སྟེ། དེ་ལ་སོགས་པ་ནི་རྡོ་རྗེ་བྲན་དུ་དབང་བསྐུར་རོ།། དེ་ནས་འཇིག་རྟེན་གསུམ་གྱི་བདག་པོ་རྣམས་ཀྱིས་ལྷ་མོ་ཐམས་ཅད་ཀྱི་ལག་ཏུ་རྡོ་རྗེ་སྦྱིན་ཏེ་རྡོ་རྗེ་མིང་གིས
24a3 དབང་བསྐུར་ནས་རྡོ་རྗེ་མིང་གིས་དབང་བསྐུར་བ་བྱིན་པ་ནི་འདི་ལྟ་སྟེ། ཉོན་མོངས་པ་ནི་རྡོ་རྗེ་ཁྲོ་བོའི་མེའོ།། ནོར་ཅན་ནི་རྡོ་རྗེ་གསུང་མའོ།། ཚངས་མི་ནི་རྡོ་རྗེ་ཞི་བའོ།།
24a4 དུག་མེ་ནི་རྡོ་རྗེ་གཞོན་ནུ་མའོ།། དབང་མེ་ནི་རྡོ་རྗེ་ཁུ་ཚུར་རོ།། དེ་ལ་སོགས་པ་ནི་རིག་སྔགས་ཀྱི་བློན་མེ་ཆེན་མོར་དབང་བསྐུར་རོ།། དེ་ནས་བར་སྣང་ལ་རྒྱུ་བའི་མ་རྣམས
24a5 དབང་བསྐུར་བ་བྱིན་པ་ནི་འདི་ལྟ་སྟེ། བདུད་རྩི་མ་ནི་རྡོ་རྗེ་མའོ།། འཁྲུངས་མ་ནི་རྡོ་རྗེ་སྡུག་མའོ།། བེ་ཅོན་འཆང་བ་ནི་རྡོ་རྗེ་བོ་ཅོན་མའོ།། སྐྱེ་འཕྲོག་ནི་རྡོ་རྗེ་བསྐྱེད་བཅིངས
24a6 ཏེ་དེ་ལ་སོགས་པ་ནི་རྡོ་རྗེ་ཁྲོ་མོར་དབང་བསྐུར་རོ།། དེ་ནས་ནམ་མཁའ་ལ་རྒྱུ་བའི་མེ་མེ་རྣམས་དབང་བསྐུར་བར་བྱིན་ནི་འདི་ལྟ་སྟེ། བསོད་མོ་ནི་རྡོ་རྗེ་བསོད་མོའོ།།
24a7 ཟབ་མོ་ནི་རྡོ་རྗེ་ཟབ་མོའོ།། གོས་ནི་རྡོ་རྗེ་བགེ་བ་བྱའོ།། དགའ་བ་མོ་ནི་རྡོ་རྗེ་དགའ་བ་མོའོ།། དེ་ལ་སོགས་པ་ནི་རྡོ་རྗེ་ཚོགས་མ་མོར་དབང་བསྐུར་རོ།། དེ་ནས་ས་ལ




iiif viewer powered by OpenSeadragon

23b - 24b

Texts on this page

F475 - 'jig rten gsum las rnam par rgyal ba rtog pa'i rgyal po chen po