| e-texts navigator |
| Wylie |
23b1 བྱིན་པ་ནི་འདི་ལྟ་སྟེ། དབང་ཕྱུག་ཆེན་པོ་ནི་རྡོ་རྗེ་རིག་སྔགས་མཆོག། དབུ་མ་ཆེན་པོ་རྡོ་རྗེ་སྒྱུ་མའོ།། ཚངས་པ་ནི་རྡོ་རྗེ་མི་སྨྲ་བའོ།། སྒྲ་གཞོན་ན་ནི་རྡོ་རྗེ་དྲིལ་བུའོ།།
23b2 དབང་པོ་ནི་རྡོ་རྗེ་འཐབ་ཆ་སྟེ། དེ་ལ་སོགས་ཏེ་འཇིག་རྟེན་གྱི་དབང་པོ་ཐམས་ཅད་རིག་པའི་བློན་པོར་དབང་བསྐུར་རོ།། དེ་ནས་བར་སྣང་ལ་རྒྱུ་བ་རྣམས་རྡོ་རྗེ་མིང
23b3 གིས་དབང་བསྐུར་བྱིན་པ་ནི་འདི་ལྟ་སྟེ། བདུད་ཅི་འཁྱིལ་པ་ནི་རྡོ་རྗེ་འཁྱིལ་པའོ།། ཟླ་བ་ནི་རྡོ་རྗེ་འོད་དོ།། བེ་ཙེན་རྩེ་མོ་ནི་རྡོ་རྗེ་བེ་ཅོན་ནོ།། སྐྱེ་བླང་ནི་རྡོ་རྗེ་སྐྱེ་བླང་ངོ་།།
23b4 དེ་རྣམས་ནི་རྡོ་རྗེ་ཁྲོ་བོར་དབང་བསྐུར་རོ།། དེ་ནས་ནམ་མཁའ་ལ་རྒྱུ་བའི་ལྷ་རྣམས་མིང་གིས་དབང་བསྐར་བ་བྱིན་པ་ནི་འདི་ལྟ་སྟེ། ཆང་གིས་མྱོས་པ་ནི་རྡོ་རྗེས་ཟིན
23b5 པའོ།། འཆང་བྱེད་ནི་རྡོ་རྗེ་ཕྲེང་བའོ།། རྒྱལ་བ་ནི་རྡོ་རྗེ་དབང་ངོ་།། རྒྱལ་བ་སྐྱེས་པ་ནི་རྡོ་རྗེ་མིང་གིས་དབང་རྣམ་པར་རྒྱལ་བ་སྟེ། དེ་དག་ལ་སོགས་པ་ནི་ཚོགས་ཀྱི
23b6 བདག་པོར་དབང་བསྐུར་རོ།། དེ་ནས་ས་སྟེང་པ་རྣམས་རྡོ་རྗེ་མིང་གིས་དབང་བསྐུར་བ་བྱིན་པ་ནི་འདི་ལྟ་སྟེ། མཛད་སྐྱོང་ནི་རྡོ་རྗེ་དང་ཤིང་ངོ་།། རླུང་ནི་རྡོ་རྗེ་རླུང་ངོ་།། མེ་ནི
23b7 རྡོ་རྗེ་མེའོ།། ཀུ་བེ་རེ་ནི་རྡོ་རྗེ་འཇིགས་པ་སྟེ། དེ་ལ་སོགས་པའི་ཕོ་ཉར་དབང་བསྐུར་རོ།། དེ་ནས་སའི་འོག་ན་གནས་པའི་ལྷའི་དབང་པོ་རྣམས་ཡན་ཆད་རྡོ་རྗེ་མིང