| e-texts navigator |
| Wylie |
23a1 མ་རྙས་ཤིག་ཅེས་གསུངས་པ་དང་། དེ་དག་གིས་གསུངས་པ་དང་། ཇི་ལྟར་འདོད་ཆགས་དང་བྲལ་བ་ནི་སངས་རྒྱས་ཀྱི་བྱང་ཆུབ་བོ
23a2 ཞེས་བཅོམ་ལྡན་འདས་ཉིད་ཀྱིས་བཀའ་སྩལ་ཏོ།། བཅོམ་ལྡན་འདས་ཀྱིས་གསུངས་པ། ཀྱེ་གྲོགས་པོ་དག་པ་ནི་ཇི་ལྟར་འདུལ་བྱེད་བཞིན་དུ་བྱེད་པ་སྟེ།
23a3 འདི་ཉིད་ཀྱིས་འཇིག་རྟེན་གྱི་ཁམས་འདི་སུན་འབྱིན་ཏེ། ཇི་ལྟར་བདེ་བ་ལ་མི་ཆགས་པ་དང་། སྡུག་བསྔལ་ལ་འདོད་ཆགས་པ་ཅན་ལྟ་བུ་འཇིག་རྟེན་འདདུལ་བར
23a4 འགྱུར་བའི་ཆོས་སངས་རྒྱས་བཅོམ་ལྡན་འདས་རྣམས་བརྩལ་བར་མཛད་དེ། དེ་དག་སྤྱད་པའི་ཕྱིར་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀུན་ཏུ་བཟོང་པོ
23a5 བྱང་ཆུབ་སེམས་དཔའ་ཅི་ནས་འདོད་ཆགས་དང་བྲལ་མ་བྱེད་ཅིག་ཅེས་བཀའ་སྩལ་ཏོ།། དེ་ནས་ཕྱག་ན་རྡོ་རྗེས་ཡང་གསུངས་པ། ཨོཾ་བཛྲ་ས་མ་ཡ་ཨ་བི་ཥིན
23a6 ཙམ་བཻ་ར་ག་ཡ་ས་མ་བྷ་ག་མ་ཧཱུཾ་ཕཊ། དེ་ནས་དེ་དག་གིས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བཀའ་དེ་དེ་བཞིན་ནོ་ཞེས་གསོལ་ཏོ།། དེ་ནས་ཡང་ཕྱག་ན་རྡོ་རྗེ་ལག
23a7 ཏུ་རྡོ་རྗེ་བྱིན་ཏེ་རྡོ་རྗེ་དབང་བསྐུར་བ་འདི་བྱིན་ནོ།། ཨོཾ་བཛྲ་ཨ་བྷི་ཥིན་ཙ་སརྦ་ཏ་ཐཱ་ག་ཏ་བཛྲ་དྷ་རད་དེ་བཛྲ་བ་ནི་ཧི་ཧཱ་ཧ་ཧ་ཧ། དེ་ནས་རྡོ་རྗེ་མིང་གིས་དབང་བསྐུར་བ།