| e-texts navigator |
| Wylie |
22b1 བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་བྱས་མཆི་མ་བླགས་ཏེ། ང་རོ་སྟོན་ནས་སྐྱབས་སུ་དོང་སྟེ་བཅོམ་ལྡན་འདས་སྐྱབ་དུ་གསོལ། བདག་ཅག་ཁྱེད་ཀྱི་བཀའ་ཉན་ཛ
22b2 ལྟར་བགྱི་བ་བཀའ་སྩལ་དུ་གསོལ་ཞེས་སོ།། དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་རྣམས་ལ་གསུངས་པ། གྲོགས་པོ་དག་བྱང
22b3 ཆུབ་ཀྱི་སེམས་དང་། སྟོན་པ་བཟུང་བར་ཁས་ལོང་ཤིག། བཅོམ་ལྡན་འདས་བདག་ཅག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྙེན་བཀུར་བགྱིད་ཅིང
22b4 བྱང་ཆུབ་ཏུ་ཡང་སེམས་བསྐྱེད་པར་འཚལ་ལོ།། དེ་ནས་ཕྱིན་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་དེ་རྣམས་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་དུ་བཙུད་ནས་སྡོམ་པ་འཛིན་དུ
22b5 བཅུག་སྟེ། བྱང་ཆུབ་སེམས་ནི་བསྟན་བྱས་ལ།། སེམས་ཅན་ཐམས་ཅད་བདེ་བ་རྩ་ལ།། ཕྱག་ན་རྡོ་རྗེ་བདག་ཆེན་དང་།། འདོད་པ་སྨད་པར་མི་བྱའོ།། འདི་ནི་གསད
22b6 བ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་སྡོམ་པ་འཛིན་དུ་བཅུག་དེ། དམ་ཚིག་སྦྱིན་པ་ནི། ཨོཾ་བཛྲ་ས་མ་ཡ་ཨ་བི་ཥིན་ཙམ་བ་ར་ག་ཡ་སརྦ་ཀ་མན་ཙྪ་པཊ
22b7 དེ་ནས་དེ་དག་གིས་སྨྲས་པ། འདི་ནི་བདུད་ཀྱིས་སྨྲས་པ་ན་བདག་ཅག་ཉན་ཏོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེ་དག་ལ་ཁྱོད་ཅག་གིས་འདི་ལ།