e-texts navigator
Collection
Volume
Page
Wylie

22a1 འཁོར་ཆེན་པོར་བཙུད་ནས་བརླབས་པར་བྱ་སྟེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཞབས་གཡོན་པས་མནན་ཏོ།། དེ་ནས་བཅོམ་ལྡན་འདས
22a2 ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཕྱག་ན་རྡོ་རྗེ་ལེགས་སོ་ལེགས་སོ་ཁྱོད་ཀྱིས་འདི་འདྲ་བའི་སེམས་ཅན་འདུལ
22a3 བར་བྱེད་པ་ལེགས་སོ་ལེགས་སོ།། དེ་བས་ན་ཐུལ་ལ་དབུགས་ཕྱུང་ཤིག། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ
22a4 དག་གི་དོན་གྱི་ཕྱིར་རྡོ་རྗེ་བཅིངས་པ་འདི་གསུངས་སོ།། ཧཱུཾ་བཛྲེ་ཏཱི་ཏོ་མེ་པ་རཀྵ་སརྦ་ན་སྭཱ་ཧཱ། དེ་ནས་ཕྱག་ན་རྡོ་རྗེ་འདི་གསུངས་པ་ཙམ་གྱིས་ལྷ་ཆེན་པོ་ལ་སོགས་པ
22a5 དེ་དག་ཐམས་ཅད་དྲན་པ་རྙེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་གསུངས་སོ།། དེ་བས་གྲོགས་པོ་དག་སེམས་ཅན་ཆེན་པོ་འདིའི་བཀའ་བཞིན།
22a6 བྱེད་པར་ཁ་ས་ལོང་ཤིག། དེ་ནས་བཅོམ་ལྡན་འདས་ལ་དེ་དག་ཐམས་ཅད་མགྲིན་ཅིག་ཏུ་བདག་ཅག་མཆོད་ཀྱིས་འཚལ་ལོ་ཞེས་གསོལ་ཏོ།། དེ་ནས་ཕྱག་ན་རྡོ་རྗེ་བྱང
22a7 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རང་གི་སྙིང་པོ་འདི་གསུངས་སོ།། ཨོཾ་ཏ་ཀི་ཧཱུ~ཾ། དེ་ནས་འདི་བརྗོད་པ་ཙམ་གྱིས་ལྷ་ལ་སོགས་པ་ཐམས་ཅད་དབང་དུ་བྱས་ཏེ།




iiif viewer powered by OpenSeadragon

21b - 22b

Texts on this page

F475 - 'jig rten gsum las rnam par rgyal ba rtog pa'i rgyal po chen po