e-texts navigator
Collection
Volume
Page
Wylie

21b1 སྲིན་འཚམས་ཀྱི་ཁྲོ་གཉེར་གྱི་བརླགས་བསྐྱོད་པ་མིག་གཡོན་པ་ཆེར་བསྐྲད་དེ། རྡོ་རྗེའི་ལྟ་བས་ཁྲོ་བ་དང་བཅས་པས་ཟབ་མོའི་ཚིག་གིས་སྙིང་པོ་མཆོག་འཇིག་རྟེན་གསུམ
21b2 ལས་རྒྱལ་བའི་དཔལ་ཞེས་བྱ་བ་འདི་གསུངས་སོ།། ཧཱུཾ་དེ་ནས་ཧཱུཾ་ཞེས་བྱ་བ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་སྒྲ་དེས་གང་ནས། གཡོས་རབ་ཏུ
21b3 གཡོས། ཀུན་ཏུ་རབ་དུ་གཡོས་སོ།། ཁྲོ་ལ་རབ་ཏུ་ཁྲོལ། ཀུན་ཏུ་རབ་ཏུ་ཁྲོལ་ལོ།། དེ་ནས་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷའི་ཚོགས་ཐམས་ཅད་བཅོམ་ལྡན་འདས
21b4 སྐྱབས་དུ་གསོལ། བདེ་བར་གཤེགས་པ་སྨྲ་བ་ད་གསོལ་ཞེས་བརྗོད་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་སོ།། གང་འདི་ལྟ་བུའི
21b5 སྔགས་ཀྱི་ཚིག་སྨྲ་བ་ནི་ཁྱོད་རབ་ཏུ་མི་བསྒྲུབ་པོ།། དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ནས་ཡང་འཇིག་རྟེན་གསུམ་ལས་རྣམ་པར
21b6 རྒྱལ་བ་འདི་གསུངས་སོ།། ཨོཾ་སུཾ་བྷ་ནི་སུ~ཾ་བྷ་ནི་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲིཧྞཱ་པ་ཡ་གྲིཧྞཱ་པ་ཡ་ཧཱུཾ། ཨ་ན་ཡ་ཧོ་བྷ་ག་བན་བིདྱ་ར་ཛ་ཧཱུཾ་ཕཊ། དེ་ནས་འདི་གསུངས་པ་ཙམ
21b7 གྱིས་ལྷ་ཆེན་པོ་ལ་སོགས་པ་ལྷའི་བདག་པོ་ཐམས་ཅད་འཁོར་དང་བཅས་པར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གན་བ་དེར་མགོ་རྐང་བཟློག་ཏེ།། རི་རབ་རིའི་རྩེ་མོར་དཀྱིལ




iiif viewer powered by OpenSeadragon

21a - 22a

Texts on this page

F475 - 'jig rten gsum las rnam par rgyal ba rtog pa'i rgyal po chen po