| e-texts navigator |
| Wylie |
21a1 ཅེས་བྱ་བ་ནི་ཐར་པའོ།། དབང་ཕྱུག་ཆེན་པོ་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་དབང་པོ་སྟེ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་སྟེ་དེ་ནི་ཡིན
21a2 པས་བཏུལ་ནུས་སོ།། དེ་ནས་དབང་ཕྱུག་ཆེན་པོ་ལྷ་ཆེན་པོ་ཁྲོས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ནས་འཇིགས་སུ་རུང་བ་ཆེན་པོའི་གཟུགས
21a3 ཁྲོས་པ་ཆེན་པོའི་གད་མོས་བཀོད་ནས་འཇིགས་པ་ཆེན་པོར་བྱེད་པ། འབར་བ་ཆེན་པོ་གཏོང་བ། འཇིག་རྟེན་གྱི་ཁམས་ཐམས་ཅད་མཐའ་མེད་པ། གཟུགས་སྣ་ཚོག
21a4 སུ་བྱས་པ། འབར་བ་ཆེན་པོ་གྲུབ་པ། མི་མཚུངས་པ། རྡོ་རྗེ་དང་། མདུང་རྩེ་གསུམ་པ་དང་། འཁོར་ལོ་དང་། ཤག་ཏིག་དང་། བེ་ཅོན་དང་། མི་མཚུངས་པའི་མཚོན
21a5 ཆ་འདེབས་ཤིང་གཏོང་བ། མི་རྣམས་ཀྱི་ཚོགས་དང་། འབྱུང་པོའི་ཚོགས་དང་བཅས་པས་ཀུན་ཏུ་བསྟན་ཏོ།། བདུད་དང་བགེགས་བྱེད་པ་དང་མུ་མེད་པའི་གཟུགས་སྣ
21a6 ཆོ་གས་སུ་སྤྲུལ་པ། ཁྲོས་པ་རབ་ཏུ་མི་བཟོད་པ། མ་རུངས་པའི་ཚོགས་ཆེན་པོ་དང་ལྷན་ཅིག་ཏུ་རབ་དུ་འཐབ་ཅིང་ཤིན་ཏུ་འགྱེད་པ། གླིང་བཞི་པའི་འཇིག་རྟེན་གྱི་ཁམས
21a7 མཚོན་པའི་མུན་ནག་བྱས། འབར་བ་ཆེན་པོའི་ཕུང་བས་གློངས་ཏེ་རབ་དུ་སྣང་བར་བྱས། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཅུང་ཟད་མཆེ་བའི་ཐོག་མ་ཅིགས་པ།