| e-texts navigator |
| Wylie |
20a1 བཅོམ་ལྡན་འདས་འདི་ལྟ་བུའི་སེམས་ཅན་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་བྱིན་ཆེ་བ་ཞིང་བདག་ཅག་ལ་ཆོས་འདི་སུ་ལགས།།
20a2 དེ་ནས་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་གྲངས་ཏེ་གསུངས་སོ།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། སངས་རྒྱས་ཀུན་གྱིས་བྱིན
20a3 གྱིས་བརླབས།། ཀུན་ཏུ་བཟང་པོ་ཀུན་གྱི་བདག་སངས་རྒྱས་ཐམས་ཅད་ཉིད་སྐྱེས་འདི།། ཕྱག་ན་རྡོ་རྗེ་གནོད་སྦྱིན་ཆེ།། མ་རུངས་ཆོས་ལ་དབང་བ་སྟེ།། གང་གི།
20a4 མིང་བརྗོད་པ་ཡིས་ནི།། སངས་རྒྱས་པ་ཡང་ཐོབ་པར་འགྱུར།། དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་ཡང་གསུངས་པ།། ཀྱེ་ཀྱེ་ལྷ་དག་སངས
20a5 རྒྱས་ལ་སྐྱབས་སུ་དེང་ལ་ངའི་བཀའ་བཞིན་དུ་ཡང་གྱིས་ཤིག། རྡོ་རྗེ་འབར་བ་གཅིག་ཏུ་འབར་བར་འགྱུར་བ་འདིས།། ཁྱེད་ཐམས་ཅད་རྟེན་བསྲེགས་པར་གྱུར་ཏ
20a6 རེ། དེ་ནས་ལྷ་ཆེན་པོ་ལ་སོགས་པ་ཐམས་ཅད་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཁྱེད་ནི་གནོད་སྦྱིན་དང་ནི་ལྟ་བས་ན་ངད་ནི་གནོད་སྦྱིན་གྱི་བཀའ་རྗེས་སུ་སྦྱོང་བར་མི་ནུས་སོ།།
20a7 དེ་ནས་ཕྱག་ན་རྡོ་རྗེ་དེ་ཐོས་ནས་ཁྲོས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། བདག་མ་རུངས