e-texts navigator
Collection
Volume
Page
Wylie

19b1 ཧཱུཾ། གྲིཧྞ་གྲི་ཧཱ་ཧཱུཾ། བྷཱི་པ་ཡ་གྲཱི་པ་ཡ་ཧཱུཾ། ཨ་ན་ཡ་ཧོ་བྷ་ག་བ་ན་བིདྱ་ར་ཛ་ཧཱུ~ཾ་ཕཊ། དེ་ནས་འདི་གསུངས་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་ཐམས་ཅད་གཡོས།
19b2 གཡོས་རབ་ཏུ་གཡོས་ཅིག་ཏུ་གཡོས་སོ།། འགུལ་རབ་ཏུ་འགུལ། ཀུན་ཏུ་འགུལ་ཏོ།། འཕར་རབ་དུ་འཕར། ཀུན་ཏུ་རབ་དུ་འབར་རོ།། དེ་ནས་ལྷ་ཐམས་ཅད
19b3 ལ་སོགས་པ་སེམས་ཅན་ཐམས་ཅད་འདར་ཡིད་ཡིད་ནས་བཅོམ་ལྡན་འདས་ག་ལ་བ་དེར་ལྷག་ནས། ཁོ་ར་ཁོར་ཡུག་དང་། ཁོ་ར་ཁོར་ཡུག་ཆེན་པོའི་རི་ལ་སོགས་པ
19b4 ཚུན་ཆད་ཀྱི་གླིང་བཞིའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སེམས་ཅན་གྱིས་གང་ངོ་།། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཚེགས
19b5 པའི་དཀྱིལ་འཁོར་ཐམས་ཅད་ལ་གཟིགས་ནས་འདི་སྐད་ཅེས་གསུངས་སོ།། གྲོགས་པོ་རྣམས་སངས་རྒྱས་ལ་བརྩོན་པ་ལ་སྐྱབས་སུ་འགྲོ་བར་ཁས་ལོང་ཤིག
19b6 ངའི་བཀའ་རྗེས་སུ་སྐྱོངས་ཤིག། དེ་ནས་འདུས་པའི་འཁོར་ཆེན་པོ་ཐམས་ཅད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སྐྲགས་ཏེ་འདོར་ཡིད་ཡོད་ནས་བཅོམ་ལྡན་འདས་དེ
19b7 བཞིན་གཤེགས་པ་ལ་སྐྱབས་སུ་དོང་ངོ་།། དེ་ནས་བཅོམ་ལྡན་འདས་ལ་ལྷ་ཆེན་པོའི་ལྷ་དང་། མཐུ་བོ་ཆེ་དང་། ཚངས་པ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།།




iiif viewer powered by OpenSeadragon

19a - 20a

Texts on this page

F475 - 'jig rten gsum las rnam par rgyal ba rtog pa'i rgyal po chen po