| e-texts navigator |
| Wylie |
19a1 སྤྲས། དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། ཅིའི་ཕྱིར་ན
19a2 བཅོམ་ལྡན་འདས་སེམས་ཅན་མ་རུངས་པ་འདུལ་བར་བྱེད་དོ།། གང་གི་ཕྱིར་ཞེ་ན། བདག་གིས་འདོད་པའི་བདེ་བ་ཅན་རྣམས་དབང་དུ་བགྱི་བ་ལ་སོགས་པས་བཏུལ
19a3 ནས་བླ་ན་མེད་པའི་བདེ་བ་ལ་བཀོད་པར་འཚལ་ལོ།། སེམས་ཅན་མ་རུངས་པ་རྣམས་བསལ་བ་ལ་སོགས་པས་སྦྱངས་ཏེ་ཞི་བ་ལ་བཀོད་པར་བྱའོ།། དེ་ནས་བཅོམ
19a4 ལྡན་འདས་ཀྱི་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཕྱག་ན་རྡོ་རྗེ་ལེགས་སོ་ལེགས་སོ།། འཇིག་རྟེན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་།
19a5 ཕན་པའི་ཕྱིར་དང་། བདེ་བའི་ཕྱིར་སྙིང་པོ་འདི་སྨྲོས་ཤིག། དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ལྷ་ཐམས་ཅད་ནས། མི་རྣམས་ཐམས་ཅད་ཀྱི་བད་དུ་སངས
19a6 རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པ་དེ་རྣམས་ལ་བཀའ་སྩལ་པ། གྲོགས་པོ་དག་སངས་རྒྱས་ལ་སྐྱབས་སུ་དེངས་ཤིག། ངའི་བཀའ་རྗེས་སུ་སྐྱོངས་ཤིག། དེ་ནས
19a7 བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་ན་རྡོ་རྗེས་ཕྱག་འཚལ་ནས། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྙིང་པོ་འདི་གསུངས་སོ།། ཨོཾ་སུཾ་བྷ་ནི་སུཾ་བྷ་ནི