e-texts navigator
Collection
Volume
Page
Wylie

18a1 དེ་བས་གསང་བའི་ཡེ་ཤེས་འབྱུང་།། རྣལ་འབྱོར་ཀུན་ཏུ་འབྱུང་བར་འགྱུར།། ཤེས་རབ་ཕ་རོལ་ཕྱིན་པའི་ཐབས།། ཏིང་འཛིན་ཡེ
18a2 ཤེས་བརྟགས་པ་ཡིན།། ཆོས་རྣམས་ཐམས་ཅད་རྣམ་དག་པ།། དག་པ་ཉིད་དུ་གྱུར་པ་ནི།། ཇི་ལྟར་ལྷ་ཡི་ནོར་བུ་ནི།། རང་གི་འོད་ཀྱི་རྟག་ཏུ་སྣང་།། སྲིད་པ་ཡོངས
18a3 སུ་དག་པ་ཡང་།། རྣལ་འབྱོར་རྣལ་འབྱོར་ཐོབ་བྱེད་ཡིན།། རྡོ་རྗེ་དབྱིངས་ནི་གསང་ཆེན་དུ།། གང་ཞིག་དབང་བསྐུར་མཁས་པ་ལ།། ཐུགས་ཀྱི་གསང་བའི་རྣལ
18a4 འབྱོར་མཆོག། མཁས་པས་དེ་ལ་བཤད་པར་བྱ།། ཐམས་ཅད་གསང་བའི་རྒྱུད་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་པད་མ་ཀ་ར་བར་མ་དང་།
18a5 ཞུ་ཆེན་གྱི་ལོཙྪ་བ་དགེ་སློང་རིན་ཆེན་བཟང་པོས་སྒྱུར་ཅིང་ཞེས་ཏེ་གཏན་ལ་ཕབ་པའོ།། དགེ་ལེགས་འཕེལ།།
18a6 ། རྒྱ་གར་སྐད་དུ།། ཏྲེ་ལོག་ཀྱ་བི་ཛ་ཡ་མ་ཀ་ལ་པ་རཱ་ཛ།། བོད་སྐད་དུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྟོག
18a7 པའི་རྒྱལ་པོ།། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རི་རབ་ཀྱི་རྩེ་མོན་རྡོ་རྗེ་དང་།




iiif viewer powered by OpenSeadragon

17b - 18b

Texts on this page

F474 - thams cad gsang ba zhes bya ba rgyud kyi rgyal po
F475 - 'jig rten gsum las rnam par rgyal ba rtog pa'i rgyal po chen po