e-texts navigator
Collection
Volume
Page
Wylie

119a1 བསྐོར་ཞིང་། རྡོ་རྗེ་འཁོར་ལོ་ཐམས་ཅད་འཛུམ་པའི་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་སྨྲས་སོ།། ཧཱུཾ། དེ་ནས་འདི་གསུངས་པ་ཙམ་གྱིས
119a2 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཅན་ཁམས་གསུམ་དུ་གཏོགས་པའི་སེམས་ཅན་ཐམས་ཅད་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་ནས། བཅོམ་ལྡན་འདས་ཀྱི་ཐུགས་ལས
119a3 དཀྱིལ་འཁོར་ཐམས་ཅད་ཀྱི་དམ་ཚིག་གི་སེམས་དཔའ་རྣམས་ངེས་པར་བྱུང་ནས་དཀྱིལ་འཁོར་གྱི་ཚུལ་གྱིས་ཇི་ལྟ་བ་བཞིན་དུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས
119a4 དཔའ་སེམས་དཔའ་རྡོ་རྗེ་འཁོར་ལོ་ཐམས་ཅད་ལ་རབ་ཏུ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དཀྱིལ་འཁོར་ཆེན་པོ་ཐམས་ཅད་དུ་འཇུག་པའི་དམ་ཚིག
119a5 ཅེས་བྱ་བའི་འཁོར་ལོའི་དཀྱིལ་འཁོར་འདི་གསུངས་སོ།། ཕྱིའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བྱ་སྟེ། ནང་གི་དཀྱིལ་འཁོར་དུ་རྡོ་རྗེ་འཁོར་ལོ་བྲི་ས་ལ། དབུས་སུ་རྡོ་རྗེའི་འཁོར་ལོའི
119a6 འཁོར་ལོ་བསྐོར་བ་བཞག་པར་བྱའོ།། ཕྱག་རྒྱན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་རྣམ་པ་ཐམས་ཅད་དུ་དཀྱིལ་འཁོར་དང་པོའི་ཚུལ་དུ་བཞུག་པར་བྱའོ།།
119a7 ཕྱིའི་མཚམས་རྣམས་སུ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་བའི་བྲི་བར་བྱའོ།། སྒོ་རྣམས་སུ་ནི་མཚན་མ་བཞི་བཞག་པར་བྱ་སྟེ། འདི་ལྟ་སྟེ། རྡོ་རྗེ་སེམས་དཔའི་སྐུ་དང་། རྡོ་རྗེ་ཁྲོ་བར།




iiif viewer powered by OpenSeadragon

118b - 119b

Texts on this page

F476 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po