e-texts navigator
Collection
Volume
Page
Wylie

27b1 དེ་ལ་དངོས་གྲུབ་རིང་བར་བཤད།། བླ་མས་མན་ངག་སྦས་བྱས་ཀྱང་།། སློབ་མ་ཡིད་གཉིས་མི་ཟ་ཞིང་།།
27b2 བླ་མའི་མན་ངག་དམ་པ་ཞེས། གཅེས་པར་བྱས་ན་འགྲུབ་པར་ངེས།། དེའི་ཕྱིར་ན་སྔགས་པ་ཡིས།། རང་གིས
27b3 ཡིད་གཉིས་སྤང་བའི་ཕྱིར།། བླ་མ་གཉིས་པར་བྱ་བ་ཅེས།། བསྙེན་བཀུར་བྱས་པས་ནུས་མཐུ་ཆེ།། གསང་སྟེ་སྤྱད་པས་བར
27b4 ཆད་མེད།། ཡོན་ཆེན་ཕུལ་བར་བྱས་པས་ནི།། རང་སེམས་རིན་ཆེན་རྣམ་གཉིས་འགྱུར།། རིན་ཆེན་གཉིས་ལས་གྲུབ
27b5 པ་འབྱུང་།། དཀོན་པར་གྱུར་ན་བསྔགས་པ་བརྗོད།། བསྔགས་ན་ཡོན་ཏན་འབྱུང་འགྱུར་ཏེ།། བསྔགས་པ
27b6 དག་ནི་མ་བྱས་ན། ཅི་ལྟར་ཡིད་བཞིན་ནོར་བུ་ཡང་།། གང་གིས་བསྔགས་པ་མ་བྱས་པ།
27b7 དེ་ལ་འདོད་དོན་མི་སྟེར་རོ།། ། དད་པ་སངས་རྒྱས་དང་པ་ཆོས།། དང་པ་དགེ་འདུན་དད་པ་མ།
27b8 དད་པ་བླ་མ་དད་པ་པ། དད་པ་ལམ་ཆེན་དད་པ་གྲུ། དད་པ་ཡིད་བཞིན་ནོར་བུ་སྟེ།། དད་པ་གསང




iiif viewer powered by OpenSeadragon

27a - 28a

Texts on this page

F424 - dpal gshin rje'i gshed nag po'i rgyud kyi rgyal po rtog pa gsum pa zhes bya ba