e-texts navigator
Collection
Volume
Page
Wylie

27a1 གསུམ་@དྲུག་དང་འབྱོར།། དབང་གིས་མོས་པ་རྣམ་བཞི་འགྲུབ།། དབྱེ་བས་གསང་སྟེ་བརྒྱ་དང་འབྱེད།། མནན་པས་དབང
27a2 པོ་དྲུག་འཆིང་བྱེད།། གཞན་ནི་ཇི་ལྟར་དེ་བཞིན་ནོ།། སྔགས་དང་རྫས་ཀྱི་སྦྱོར་བ་ལ།། དཔྱད་ན་དངོས་གྲུབ་མི་འབྱུང་སྟེ།། གལ་ཏེ་ཡིད་གཉིས་ཟ
27a3 གྱུར་ཏམ།། བསམ་པར་གྱུར་རམ་དད་པ་ཉམས།། དེ་ཚེ་དངོས་གྲུབ་ཉེ་བ་ཡང་།། ཕྱིར་ལྡོག་འགྱུར་བར་གདོན་མི་ཟ། དད་པ་བརྟན་པོས་བསྒྲུབ་པ་ན།།
27a4 ནམ་མཁའ་མེད་པར་གྱུར་ན་ཡང་།། སྔགས་ཀྱི་དངོས་གྲུབ་མེད་མི་སྲིད།། ལྷ་དང་དྲང་སྲོང་གིས་བཤད་པའི།། རི་སྔགས་སླུ་བ་མི་སྲིད་ན།
27a5 འདོད་ཆགས་བྲལ་བས་བཤད་པ་ཡི།། གསང་སྔགས་སྦྱོར་བས་སླུ་བ་ནི།། མ་བྱུང་འབྱུང་བར་མི
27a6 འགྱུར་རོ།། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི།། དོན་ལ་ཐེ་ཚོམ་མེད་པ་ཡི།། མཁས
27a7 བ་ལ་ནི་དངོས་གྲུབ་ཉེ།། ཡང་ན་མཐུན་མོང་དད་པ་བརྟན།། དེ་ལ་སྦྱོར་བའི་དངོས་གྲུབ་ཏེ།། རྟོག་ཅིང་དཔྱོད་པའི་རྟོག
27a8 གེ་བ། དེ་ལ་སྦྱོར་བའི་དངོས་གྲུབ་རིང་། མན་ངག་དམ་པ་བསྟན་བྱས་ཀྱང་། སློབ་མ་ཡིད་གཉིས་ཡོད་པ་ན།




iiif viewer powered by OpenSeadragon

26b - 27b

Texts on this page

F424 - dpal gshin rje'i gshed nag po'i rgyud kyi rgyal po rtog pa gsum pa zhes bya ba