| e-texts navigator |
| Wylie |
98a1 སད་བྱི། དང་དམན་གྲུབ་ཅིང་།། བླ་མའི་དྲིན་གྱིས་འདི་ནི་མ་ནོར་ལམ་རྟོགས་པ།། བྱང་ཆུབ་རྡོ་རྗེ་འདྲ་བ་དེ་ལྟ་དེ་ལ་རྟག་ཕྱག་འཚལ།། གང་།
98a2 ཞིག་རབ་གསང་འདུས་པའི་རྒྱུད་འདི་མཉན་པ་དང་།། འདོད་པར་བྱེད་དང་ཀློག་པ་དང་ནི་སེམས་པ་དང་།། མཆོད་པར་བྱེད་པ་དང་ནི་འདྲིར་འཇུག་པ།། བྱང་ཆུབ
98a3 རྡོ་རྗེ་འདྲ་བ་དེ་ལྟ་དེ་ལ་རྟག་ཕྱག་འཚལ།། གང་དུ་ཞི་སོགས་ལས་ཚོགས་ཤིན་དུ་བརྟགས་པ་ཡིས།། འཁྲུལ་འཁོར་སྔགས་བཤད་དང་ནི་དེ་བཞིན་རྒྱས་འདེབས
98a4 པའི།། བསྒྲུབ་བྱ་འདི་དང་ལྡན་པའི་བསླབ་པའི་དབང་པོ་ནི། བྱང་ཆུབ་རྡོ་རྗེ་འདྲ་བ་དེ་ལྟ་དེ་ལ་རྟག་ཕྱག་འཚལ།། གང་ཞིག་བསྒྲུབ་པ་པོ་མཐོང་རིག་པ་དང་།།
98a5 ལེགས་པར་དྲན་དང་མིང་ཙམ་ངེས་པར་ཐོས་པ་དང་།། དད་པར་བྱེད་ཅིང་ཕྱོགས་གཅིག་ཙམ་ཞིག་འཛིན་པ་དག། བྱང་ཆུབ་རྡོ་རྗེ་འདྲར་ལྟ་དེ་ལ་རྟག་ཕྱག་འཚལ།།
98a6 བསྟོད་པའི་ཚིག་ནི་ཞི་བ་འདིས།། འདྲེན་པ་ཀུན་ལ་བསྟོད་པ་དང་།། བྱང་ཆུབ་སེམས་དཔའ་གྲགས་ཆེན་དང་།། མགོན་པོ་དེ་དག་རྗེས་ཡིད་རང་།། འདུས་པ་གས།
98a7 བ་ལས་བྱུང་བ།། དེ་བཞིན་གཤེགས་པ་ཀུན་གྱིས་གསང་།། རྒྱུད་ཀུན་བདག་པོ་འདི་དབང་པོའི།། རྒྱུད་འདི་ལེགས་པར་གསུངས་པ་ཡིན།། དེ་བཞིན་གཤེགས
98a8 པ་དེ་ཐམས་ཅད།། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་དེ་སྐད་ཅེས་གསུངས་ནས། ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལ་ཞུགས་ཏེ།