| e-texts navigator |
| Wylie |
96b1 རྒྱས་ཐམས་ཅད་གསོད་པ་ཡིས།། ཇི་ལྟར་སྡིག་པས་གོས་མི་འགྱུར།། གལ་ཏེ་གོས་གྱུར་འབྲས་བུ་གང་།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས།།
96b2 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ།། ལེག་སོ་ཞེས་བྱ་བ་བྱིན་ཏེ།། སེམས་དཔའ་ཆེན་པོ་ལེགས་སོ་ལེགས། བདག་ཉིད་ཆེན་པོ་ལེག་སོ་ལེགས།།
96b3 གསུངས་དབྱངས་ཆེན་པོ་ལ་གསོ་ལེགས།། མཆོད་པ་ཆེན་པོ་ལེགས་སོ་ལེགས།། སློབ་དཔོན་བྱང་ཆུབ་རྡོ་རྗེ་ཅན། དཔལ་ལྡན་སངས་རྒྱས་ཀུན་གྱི་བདག།
96b4 དངོས་རྣམས་ཐམས་ཅད་སྒྱུ་མ་བཞིན།། བསྐྱེད་དང་བསྡུད་པར་མཛད་པའོ།། དེ་ནས་དེ་ཡི་སྡིག་མི་འགྱུར། བསོད་ནམས་དག་ཀྱང་དེ་བཞི་ནོ།། གང་ལ
96b5 སྡིག་དང་བསོད་ནམས་མེད།། དེ་ནི་བྱང་ཆུབ་ཡིན་པར་གསུངས།། མགོན་པོ་དེ་ཡིས་སླུ་བ་ཡིས།། ལུས་ཅན་ཐམས་ཅད་འཇིག་མཛད་པ།། ངན་འགྲོར་སྐྱེ
96b6 བར་མི་འགྱུར་ཞིང་།། བྱང་ཆུབ་ཀྱང་ནི་རྙེད་མི་དཀའ།། སྔོན་ནི་མི་བཟད་ལས་བྱས་པས།། གལ་ཏེ་དམྱལ་བ་རྣམས་སུ་ནི།། སྐྱེ་བོ་སྐྱེ་འགྱུར་དེ་རྣམས་ཀྱང་།།
96b7 དམྱལ་བ་རྣམས་ཀྱི་འབྲས་བུ་ཆེ།། བྱང་ཆུབ་རྡོ་རྗེས་བསྒྲུབ་བྱ་འདི།། ཡེ་ཤེས་ཀྱི་ནི་རྒྱས་བཏབ་པས། སེམས་ཅན་རྣམས་ཀྱི་སྦྱོར་བ་དེས།། མཆོག་ཏུ་ཕན་བཏགས
96b8 ཤེས་པར་བྱ།། ཆར་གཅོད་པ་དང་རྗེས་བཟུང་བས། བདག་ཉིད་ཆེན་པོ་དེ་ཡིས་བྱ། བསྒྲུབ་པ་ཆེན་པོའི་མཐར་ཐུག་པར། བྱས་ནས་ལས་རྣམས་བརྩམ་ཧཱཿ།