| e-texts navigator |
| Wylie |
94a1 གས་ཀྱི་@དྲན་མཉམ་པར་སྦྱོར་བ་ཡིས།། འོད་ཀྱི་དཀྱིལ་འཁོར་ཡང་དག་འབྱུང་།། ཏིང་འཛིན་དབང་འགྱུར་ཙམ་གྱིས་ནི།། སྒྲིབ་པ་རྣམས་དང་གྲ།
94a2 བར་འགྱུར།། སྙིང་པོ་དེ་ཉིད་ཐུགས་ཁ་རུ།། ཟླ་བ་རྡོ་རྗེ་སྦྱོར་བས་བལྟ། མཚོན་ཆ་མཆོག་གིས་དྲངས་ནས་ནི།། སེམས་ནི་སྔགས་ཀྱི་དངོས་བྱས་ཏེ། སྔགས
94a3 ཀྱི་གཟུགས་ཀྱི་ཚུལ་གྱིས་ནི།། བྱང་ཆུབ་ཚིགས་བཅད་བརྗོད་པར་བྱ།། ཆོ་ག་ཡན་ལག་སྦྱོར་བསྒོམས་པས།། རང་གི་འཁོར་ལོ་ལ་གནས་ཏེ།། སེམས་དེ་ཡེ
94a4 ཤེས་གཟུགས་ཀྱིས་ནི།། བསྒོམ་པ་ཉེ་བར་བསྒྲུབ་པའོ།། ཇི་སྙེད་མཐོང་བ་དེ་སྲིད་དུ།། རྣམ་གཉིས་ཟླ་བ་དྲུག་ཏུ་བསྒོམ། འདོད་པ་ཀུན་ལས་ལོངས་སྤྱོད་པས།། །
94a5 ཐམས་ཅད་ཀུན་ཏུ་བརྟག་པར་བྱ།། གལ་ཏེ་ཟླ་བ་དྲུག་ཏུ་ནི། ཇི་སྐད་གསུངས་པ་མ་མཐོང་ན།། ཇི་སྐད་བཤད་པའི་ཆོ་ག་དང་།། སྡོམ་པ་ལན་གསུམ་བརྩམ
94a6 བར་བྱ།། དེ་ལྟར་བྱས་ཀྱང་བསྒྲུབ་པ་པོས།། མཐོང་བར་འགྱུར་བར་མ་གྱུར་ཅིང་།། གང་ཆ་བྱང་ཆུབ་མ་གྲུབ་ན། དྲག་ཤུལ་སྦྱོར་བས་བསྒྲུབ་པར་བྱ།། དེ་ཚེ
94a7 དེའི་ཡེ་ཤེས་ནི།། འགྲུབ་པ་ངེས་པར་ཉེ་བར་འབྱུང་།། རིགས་ཀྱི་དབྱེ་བས་སྦྱོར་བ་ཡིས།། རྡོ་རྗེ་ཕུར་བུས་ཕུར་བུ་གདབ།། དེ་ནས་དབང་དུ་བྱ་བ་དང་།།
94a8 བསྲུང་བའི་སྦྱོར་བ་དག་ཀྱང་བྱ།། འདོད་ཆགས་ཆེན་པོའི་ཚུལ་ཉིད་ཀྱིས།། ཡེ་ཤེས་འཁོར་ལོ་ཅན་རྣམས་བསྡུས།། ལྷ་མོ་དག་ནི་སྤྲོས་ནས