| e-texts navigator |
| Wylie |
88b1 བརྗོད་མེད་བདག་མེད་ཆོས་རྣམས་ནི། མིང་དང་གཟུགས་བློ་དངོས་པོ་མེད། ཆོས་རྣམས་ཀུན་གྱི་དམ་ཚིག་སྟེ།། དེས་ན་ཁྱབ་བདག་པང་མཐར་བྱེད།། མི་རྟོག་བདག་ཉིད་ཆོས
88b2 རྣམས་ནི།། རང་བཞིན་གྱིས་ནི་ཞི་བའི་དངོས།། རྡོ་རྗེ་ཀུན་གྱི་དམ་ཚིག་སྟེ། དེས་ནི་གཙོ་བོ་བགེགས་མཐར་བྱེད།། མི་འཇིགས་རྣམ་པར་མི་ཤེས་པ།། བརྟད་དུ་མེད་དེ་དང་རྟོག་བྲལ་བ།།
88b3 སངས་རྒྱས་བྱང་ཆུབ་ཡེ་ཤེས་འདི། ཤེས་ན་བདེ་བ་ཐོབ་པར་འགྱུར།། གཏི་མུག་གཏི་མུག་ལོངས་སྤྱོད་པས།། དེས་ན་ལུས་མཐར་བྱེད་པ་སྟེ། དེས་ན་ཤེས་རབ་མཐར་བྱེད་འགྱུར།
88b4 ཉེས་པ་ཉེས་པ་ལོངས་སྤྱོད་པས།། ཉེས་པ་ཟད་བྱེད་ཤེས་མཐར་བྱེད།། དེས་ན་སེམས་ནི་མཐར་བྱེད་སྟེ། དེས་ན་མྱོངས་མཐར་བྱེད་འགྱུར།། འདོད་ཆགས་འདོད་ཆགས།
88b5 ལོངས་སྤྱོད་པས། འདོད་ཆགས་ཟད་པ་པད་མཐར་བྱེད། དེས་ན་འདོད་ཆགས་མཐར་བྱེད་སྟེ།། དེ་བཞིན་མཉམ་འཇུག་མཐར་བྱེད་འགྱུར། ཉོན་མྱོངས་ཀུན་ཟད་གང་ཡིན་དང
88b6 དེ་བཞིན་ལས་ནི་ཐམས་ཅད་ཟད། སྒྲིབ་པ་ཀུན་ཟད་ཡེ་ཤེས་ནི། བགེགས་མཐར་བྱེད་ཅེས་བཤད་པ་ཡིན། ཉོན་མོངས་རྡོ་རྗེ་སྒྲིབ་དག་ན། ལས་རྣམས་ཐམས་ཅད་རྣམ་དག་པས།
88b7 ལས་སྐྱེས་འབྲས་བུ་རྣམ་དག་འགྱུར། བཟུང་དང་ཆགས་པ་ཉིད་དང་ནི། རྣམ་པར་དེ་བཞིན་མི་གཡོ་དང་། རྒྱུ་ཉིད་འབྲས་བུ་ཉིད་དག་སྟེ། དྲུག་ལས་ཐུབས་ནི་ཀུན་ཏུ
88b8 འབྱུང་། འདོད་པའི་རྒྱལ་པོའི་ལས་དྲུག་ལ། ཁྲོ་བོའི་དབང་པོར་རྣམ་པར་བསྒྲགས། དམ་ཚིག་རྡོ་རྗེ་ལ་སོགས་དྲུག། ས་ལ་སོགས་པ་རྣམ་པ་ལྔ།། འབྱུང་དང་འབྱུང