| e-texts navigator |
| Wylie |
86b1 རྫོགས་པའི་སངས་རྒྱས་བདེ་བར་གཤེགས།། མགོན་ལ་ཡང་དང་ཡང་རབ་བསྐུལ།། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས།། བྱང་ཆུབ་སེམས་དཔའ
86b2 དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལུས་ངག་ཡིད་ནི་རྡོ་རྗེ་ཡིས།། སྐུ་གསུང་ཐུགས་ནི་རྡོ་རྗེ་ལ།། བཞག་ནས་བྱང་ཆུབ་སེམས་དབང་པོ།། ཞུས་པ་རྒྱ་ཆེན་མཉན
86b3 པར་གྱིས།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་རྗེས་སུ་གཟུང་བའི་བཀའ་སྤྱི་བོས
86b4 རབ་དུ་མནོས་ཏེ།། བཅོམ་ལྡན་འདས་ལེགས་སོ་ལེག་སོ།། བདེ་བར་གཤེགས་པ་ལེགས་སོ་ལེག་སོ།། ཞེས་གསོལ་ནས།། རང་རང་གི་ལུས་དང་། ངག་དང་། ཡིད
86b5 རྡོ་རྗེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་འཛིན་པ་ཆེན་པོའི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལ་དམིགས་ཏེ་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་དེ
86b6 བཞིན་གཤེགས་པ་དེ་དག་ཐམས་ཅད་རང་གི་ཐུགས།། ཐུགས་རྡོ་རྗེ་ཆེན་པོ་ལ་དམིགས་པར་བྱིན་གྱིས་བརླབས་ནས། བྱང་ཆུབ་སེམས་དཔའ་དེ་རྣམས་ལ་ཞུས་པ།།
86b7 དེ་དག་གསུང་གཅིག་གིས་བཀའ་སྩལ་པ།། སྐུ་གསུང་ཐུགས་ནི་རྣམ་པ་གསུམ།། གསང་བ་ཞེས་ནི་བསྟན་པ་ཡིན།། སངས་རྒྱས་ཐམས་ཅད་ཅེས་བྱ་བ།། ཆོག་པ་འདས་པ་ཡིན།
86b8 པར་བཤད།། ལྔ་པ་དང་ནི་དགུ་བ་དང་། བཅུ་གསུ་པ་དང་བཅུ་བདུན་པ། སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱི།། བསྟན་པ་དག་ནི་བསྒྲུབ་ཆེན་ཡིན། བཞི་པ་དང་ནི་བཅུ་དྲུག་པ། བརྒྱད་པ་དེ་བཞིན་བཅུ་གཉིས་པ།