| e-texts navigator |
| Wylie |
357b1 བྱེད་པར་འགྱུར་རོ།། དེ་ནས་དེའི་འོག་ཏུ་དགེ་སློང་དང་། འཚོ་བའི་ཡོ་བྱད་ཀྱི་ཕྱིར་གཡེན་སྤྱོད་པར་འགྱུར་ཏེ། ཆོས་འདུལ་བ་ལས་འབྱུང་བ། དགེ་སྦྱོང་གི་ཚུལ་སྤྱོད་པ་ཞི་བ་དང་།
357b2 དུལ་བ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ལ་སོགས་པ་ཡལ་བར་འགྱུར་ཞིང་། ཞིང་དང་རྒུན་ར་དང་ཉོ་ཚོང་དང་། བརྙ་བསྐྱི་དང་། སྤོངས་མོ་རྣམས་ཀྱིས་འཚོ་བར་བྱེདདོ།། ཁྱིམ་པས
357b3 བསླབ་པར་བྱ་བའི་བཟོ་དང་། ཁྱིམ་གྱི་སོ་ནམ་དང་། འཐབ་སྒྲོལ་དང་། སྒྲོ་གསོལ་རྔམས་པོ་ཆེ་ཡང་བྱེད་པར་འགྱུར། ཕོ་ཉར་ཡང་འགྲོ་བར་བྱེད། ལས་ཀྱི་གོ་འཕང་དང་རྩ་འཛིན་ཡང
357b4 ཚོལ་བར་བྱེད་པར་འགྱུར་ཏེ། དེའི་ཚེ་ནི་གཙུག་ལག་ཁང་དང་། དགོན་པ་ལ་མི་གནས་ཤིང་བདེ་བར་གཤེགས་པའི་བདམས་ངག་ཡལ་བར་བོར་ཏེ། ཡང་དང་ཡང་དུ་མཁར་དང་གྲོང་དང་།
357b5 ཚོང་དུས་དང་སྲང་དང་། མདུན་གསུམ་ན་གནས་པར་སེམས་དགའ་འགྱུར། བྲན་དང་བྲན་མོ་དང་། རྐང་འགྲོས་ཀྱང་ཚོལ་བར་བྱེད་དོ།། རྒྱུ་དེས་ན་ཁྱིམ་བདག་དང་། ཡུལ་འཛིན་པ
357b6 དང་། བློན་པོ་ལ་སོགས་པས་ཀྱང་རི་མོ་མི་བྱེད་ཅིང་། དད་པ་ཕྱིར་ལོག་ནས་དཀོན་མཆོག་དང་། དགེ་འདུན་གྱི་དཀོར་ལ་ཡང་འཕྲོག་པར་བྱེད་དོ།། ཁྱིམ་པ་དེ་དག་གིས་ཀྱང་ནོར
357b7 རྫས་དེ་དག་ལ་བརྟེན་ཅིང་། སྤྱད་པས་བསོད་ནམས་འབྲི་བར་འགྱུར་རོ།། རྒྱུ་དེས་ན་ལི་ཡུལ་ལ་སོགས་པར་གནོད་པ་སྣ་ཚོགས་འབྱུང་ཞིང་། ལོ་གཅིག་བཞིན་དུ་དམས་པར
357b8 འགྱུར་ཏེ། རྩོད་པ་དང་ནད་དང་། དུས་མ་ཡིན་པའི་ཆར་པ་དང་། རླུང་དང་། དགྲ་མང་པོ་ཡང་འབྱུང་བར་འགྱུར་རོ།། དུས་མ་ཡིན་པའི་སད་དང་། སྲིན་བུ་དང་། བྱི་བ་དང་བྱི་བ།