e-texts navigator
Collection
Volume
Page
Wylie

332b1 པ་དེ་དག་འཚེད། ཅེས་བྱ་བ་ནི་དེ་དབང་པོ་མ་འདུལ་བའི་ཕྱིར། སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དེ་དག་ཏུ་སྐྱེས་ཞིང་ཉིན་མཚན་དུ་འཚེད་དེ། དེས་ན་དབང
332b2 པོ་ཉམས་པ་དེ་དག་འཚེད་ཅེས་བྱའོ།། ཉ་ནི་སྐམ་ལ་བོར་བ་བཞིན་ཞེས་བྱ་བ་ནི་ཇི་ལྟར་ཉ་ཆུ་ལས་བཏོན་ཏེ། སྐམ་སར་བོར་བ་རྣམས་སྡུག་བསྔལ་ཞིང་ཉམས་ཐག
332b3 ནས་འདར་བ་དེ་བཞིན་དུ། དེ་དག་འཇིག་རྟེན་འདི་ནས་ཤི་ཕོས་ནས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དག་ཏུ་བོར་ཏེ། སྡུག་བསྔལ་ཞིང་ཡིད་ཉམས་ཐག་ནས
332b4 འདར་ཏེ། དེས་ན་དབང་པོ་ཉམས་པ་དེ་དག་འཚེད། ཉ་ནི་སྐམ་ལས་བོར་བ་བཞིན་ཞེས་བྱའོ།། དེ་ལྟར་ཉེས་བྱས་ལས་བྱེད་པ། ཉིན་མཚན་དུ་ནི་ཆོས་ངེས
332b5 འདེབས་ཤེས་བྱ་བ་ནི་ལས་དཀར་པོར་སྤངས་ཤིང་མི་དགེ་བའི་ཆོས་ལ་ཞུགས་པ་དེ་དག་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དེ་དག་ཏུ་སྐྱེས་ནས། རྟག་པར་རྒྱུན་མི
332b6 ཆད་པར་ཡུན་དུ་ཉམས་ཐག་པའི་ང་རོས་ཚེ་དེ་འདེབས་ཏེ། སྡུག་བསྔལ་ཞིང་མི་བཟད་ལ། རྩུབ་ཅིང་ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་ཉིན་མཚན་དུ་ཉམས་སུ
332b7 མྱོང་སྟེ། དེས་ན་དེ་ལྟར་ཉེས་བྱས་ལས་བྱེད་པ། ཉི་མཚན་དུ་ནི་ཚེ་ངེས་འདེབས་ཤེས་བྱའོ།། དེ་ནི་སྒྲ་ཆེན་རབ་ཏུ་སྒྲོགས། འཕང་མ་དུང་གིས་ཕོག་གླང་ཆེན་བཞིན
332b8 ཞེས་བྱ་བ་ནི། དེ་དག་སྡུག་བསྔལ་མི་ཟད་པས་ཟིལ་གྱིས་ནོན་ཏེ། གླང་པོ་ཆེ་དག་འཕངས་མདུང་གིས་ཕོག་པ་དང་། ལྕགས་ཀྱུས་དྲངས་པ་བཞིན་དུ། སྐད་ཤིན




iiif viewer powered by OpenSeadragon

332a - 333a

Texts on this page

F403 - 'jig rten gzhag pa