| e-texts navigator |
| Wylie |
328a1 འཛིན་པ། ལ་བདག་ཅག་ཉིད་ཀྱང་མི་མཐོང་ངོ་།། འོན་ཀྱང་བདག་ཅག་ནི་བསྒྲེས་སོ་ཞེས་བྱས་པ་དང་། དེ་དག་སེམས་ཅན་དམྱལ་བའི་སྲུངས་མ་དག
328a2 གིས། ལྕགས་ཀྱི་སྤྱད་ཀྱི་ཁ་ཕྱེ་ནས། ལྕགས་ཀྱི་སྐམ་པས་ལྕགས་ཀྱིས་ཐུ་ལུམ་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་དག
328a3 ཁ་བཅུག་སྟེ། སེམས་ཅན་དེ་དག་གི་མཆུ་དག་ཀྱང་ཚིག་ཅིང་། ལྕེ་དང་། རྐན་དང་། ལྐོག་མ་དང་། མིད་པའི་སྦུབས་དང་། སྙིང་དང་། སྙིང་གི་ཉེ་ཀོར་དང་།
328a4 རྒྱུ་མ་དང་། མཉེར་མ་རྣམས་ཀྱང་ཚིག་ནས་ཐུར་དུ་འབྱུང་ངོ་།། གཞན་ཡང་སེམས་ཅན་དམྱལ་བའི་སྲུང་མ་དག་གིས། སེམས་ཅན་དེ་དག་འཆིལ་པས་ཉ་དབྱུང་བ
328a5 བཞིན་དུ་ཕྱུང་ནས། ལྕགས་ཀྱི་ས་བཞི་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ་འབར་བ་ཅིག་ཏུ་གྱུར་པ་ལ། གན་རྒྱལ་དུ་གཞག་ནས།
328a6 སེམས་ཅན་དག་ཅི་འདོད་ཅེས་འདྲིའོ།། དེ་དག་གིས་སྨྲས་པ། ཀྱེ་བདག་ཅག་ཉིད་ཀྱང་མི་ཤེས་ལ་བདག་ཅག་ཉིད་ཀྱང་མཐོང་ངོ་།། འོན་ཀྱང་བདག་ཅག་ནི་སྐོབ
328a7 མོ་ཞེས་བྱས་པ་དང་། དེ་དག་སེམས་ཅན་དམྱལ་བའི་བསྲུངས་པ་དག་གིས། ལྕགས་ཀྱི་སྤྱད་ཀྱི་ཁ་ཕྱེ་ནས་ཟངས་སྐོལ་བའི་འབར་ཞིང་རབ་ཏུ་འབར་ལ།
328a8 ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་ཁར་བླུགས་ཏེ། སེམས་ཅན་དེ་དག་གིས་མཆུ་དག་ཀྱང་རླིག་པ་ནས། ཐུར་དུ་འབྱུང་བའི་བར་སྟེ།