e-texts navigator
Collection
Volume
Page
Wylie

200b1 གིས་ལས་བྱེད་ཅིང་འཁོད་ལ། ཇི་ཙམ་ན་རྡེག་པར་ཡང་བྱེད་པ་བདེན་ནམ། བཙུན་པ་མ་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ
200b2 སྩལ་པ། ཁྲིམ་དེར་དོང་བའི་དགེ་སློང་སྡེ་སྡེར་ཆད་པ་རྣམས་ལ་ཁྲིམས་སུ་བྱས་པའི་ཆོས་རྣམས་ངས་བཅས་པར་བྱས་ཏེ། དགེ་སློང་སྡེ་སྡེར་ཆད་པ་རྣམས་ཀྱིས་རྩོད
200b3 པའི་བཅུགས་ཀྱིས་གནས་སོ་སོ་སྤོངས་ཤིག། དགེ་སློང་ཐ་མལ་པར་འདུག་པ་རྣམས་དང་། ཉིན་པར་ཡང་རུང་། མཚན་མོ་ཡང་རུང་། ནང་པར་ཡང་རུང་།།
200b4 དྲོ་ལ་ཡང་རུང་སྟེ། གཙུག་ལག་ཁང་གཅིག་གམ། དགོན་པ་འམ། གྲོང་མེད་པ་གཅིག་ཏུ་གནས་པར་མ་བྱེད་ཅིག། ལྷན་གཅིག་ཏུ་ཡང་གནས་པར་མ
200b5 བྱེད་ཅིག། ལམ་གཅིག་ཏུ་ཡང་མ་འགྲོགས་ཤིག། བརྡ་ཡང་མ་བྱེད་ཅིག། བརྡ་སྐད་ཀྱང་མ་ལེན་ཅིག། ཐ་མལ་བར་གནས་པའི་བརྩོད་པའི་གཅུགས
200b6 ཏེ་ཁོང་དུ་ཆུད་ནས། ཆོས་བཞིན་དང་། འདུལ་བ་བཞིན་དུ་བར་བྱེད་ནུས་ལ་སྟོན་པའི་བསྟན་པ་བསྲུང་བའི་ཕྱིར། འཐུན་པའི་བྱེད་ནུས་ན་ནི། ཞི་བར་བྱེད
200b7 པའི་ཐབས་དག་ཅིང་། འདུལ་བ་དང་འཐུན་པའི་གཅིག་གིས་རྩོད་པའི་གཅུགས་དེ་ཞི་བར་བྱས་པ་ཞེས་པར་བྱས་སོ།། ལས་བརྒྱ་པ་ལས་སྡོམ་གྱི་ཚིག་ས
200b8 བཅད་པ་བཅུ་རྔོག་སྷོ།། རྒྱ་གར་སྐད་དུ། ལོ་ཀ་པྲད་ཉ་བ་ཏེ། བོད་སྐད་དུ། འཇིག་རྟེན




iiif viewer powered by OpenSeadragon

200a - 201a

Texts on this page

F402 - las brgya tham pa
F403 - 'jig rten gzhag pa