e-texts navigator
Collection
Volume
Page
Wylie

200a1 ལས་བཅགཀྱི་བཤོས་ལེན་པའི་དགེ་སློང་དེ་ལ་བཀའ་སྩལ་པ། དགེ་སློང་ཅི་དགེ་སློང་གི་དགེ་འདུན་ཁ་ཟས་བློས་ཚིམ་པར་གྱུར། གསོལ་པ།
200a2 བརྫུན་པ་དེ་ནི་ལགས་ཏེ། དགེ་སློང་གི་དགེ་འདུན་ཁ་ཟས་བཟང་པོས་ནི་ཚིམ་པར་གྱུར་ལགས་ན། བཙུན་པ་འོན་ཀྱང་དགེ་སློང་མང་པོ་ཁྱིམ་དེར་མཆིས་པ་རྣམས
200a3 འཐབས་ཏེ། མཚང་འདྲུ་ཞིང་འགྱེད་ལ་བརྩོད་པར་གྱུར་ཏོ།། དེ་དག་མཚང་འདྲུ་ཞིང་འགྱེད་ལ་བརྩོད་ཅིང་འཁོད་དེ། འཚམ་པ་མ་ལགས་པའི་ལུས་ཀྱི་ལས
200a4 དང་། མཚམ་པ་མ་ལགས་པའི་ངག་གི་ལས་བགྱིད་ཅིང་མཆིས་ལ་ཇི་ཙམ་ན་རྡེག་པར། ཡང་བགྱིད་དོ་ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་གཤོས
200a5 གསོལ་ནས། གཙུག་ལག་ཁང་ཕྱི་རོལ་ཏུ་ཞབས་བཀྲུས་ཏེ། ནང་དུ་ཡང་དག་འཇོག་པའི་ཕྱིར། གཙུག་ལག་ཁང་གི་ནང་དུ་གཤེགས་སོ།། དེ་ནས་བཅོམ
200a6 ལྡན་འདས་ཕྱེ་མ་རེད་དེ་ནང་དུ་ཡང་དག་འཇོག་ལས་ཞེས་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་བདན་བཤམས་པ་ལ་བཞུགས་སོ།། གདན་བཤམས་པ་ལ
200a7 བཞུགས་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་ཀྱང་། དགེ་སློང་དག་ཁྱེད་ཁྱིམ་དེར་དོང་བ་རྣམས་འཐབ་ཏེ། འཚང་འདྲུ་ཞིང་འགྱེད་ལ
200a8 རྩོད་པར་གྱུར་ནས་ཁྱེད་འཐབ་སྟེ། མཚང་འདྲུ་ཞིང་འགྱེད་ལ་རྩོད་ཅིང་འཁོད་དེ། འཚམ་པ་མ་ཡིན་པའི་ལུས་ཀྱི་ལ་དང་། འཚམ་མ་མ་ཡིན་པའི་ངག་གིས་ལས




iiif viewer powered by OpenSeadragon

199b - 200b

Texts on this page

F402 - las brgya tham pa