| e-texts navigator |
| Wylie |
199b1 སངས་རྒྱས་བཅོམ་ལྡན་འདས་ལོགས་པའི་དགེ་སློང་གི་དགེ་འདུན་ཁྱིམ་དུ་བཤོས་ལ་སྤྱན་དྲངས་ནས། དགེ་སློང་གི་དགེ་འདུན་དག་དེར་དོང་ངོ་།། དེ་ནས་བཅོམ་ལྡན
199b2 འདས་ཀྱིས་ཡོ་བྱད་བཞལ་ཏ་བྱེད་པ་ལ། བཤོས་འདིར་དྲོངས་ཤོག་ཅེས་བཀའ་སྩལ་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། རྣམས་པ་ལྔའི་ཕྱིར་ཡོ་བྱད་ཀྱི
199b3 ཞལ་ཏ་བྱེད་པ་ལ་བཤོས་ལེན་ཏུ་འཇུག་པར་མཛད་དེ། ནང་དུ་ཡང་དག་པར་འཇོག་པར་བཞེད་པ་དང་། ལྷ་རྣམས་ལ་ཆོས་སྟོན་པར་བཞེད་པ་དང་། ནད་པ་ལ་གཟིགས
199b4 པར་བཞེད་པ་དང་། མལ་སྟན་ལ་གཟིགས་པར་བཞེད་པ་དང་། ཉན་ཐོས་རྣམས་ལ་བསླབ་པའི་གཞི་བཅའ་བར་བཞེད་པ་རྣམས་ཀྱི་ཕྱིར་རོ།། སྐབས་འདིར་ནི
199b5 བཅོམ་ལྡན་འདས་འདུལ་བ་ལ། སླབས་པའི་གཞི་བཅའ་བར་བཞེད་པའི་ཕྱར་ཡོ་བྱད་ཏུ་བྱེད་པ་ལ་ཤོས་ལེན་ཏུ་བཏང་ངོ་།། དེ་ནས་དགེ་སློང་མང་པོ་ཁྱིམ་དེར་དོང
199b6 བ་རྣམས་མལ་བསྟན་ལས་ཁོད་ནས་འཐབས་ཏེ། མཚང་འདྲུ་ཞིང་འགྱེད་ལ། བརྩོད་པར་གྱུར་ཏོ།། དེ་དག་འཐབ་སྟེ། མཚང་འདྲུ་ཞིང་འགྱེད་པ་ལ་རྩོད་ཅིང
199b7 འཁོད་དོ།། འཚམས་པ་ཡང་མ་ཡིན་པའི་ངག་གིས་ལས་བྱེད་ཅིང་འཁོད་ལ་ཇི་རྩ་མ་ནི་རྡེག་པར་ཡང་བྱེད་དོ།། དེ་ནས་བཤོས་ལེན་དུ་སོང་བས་བཤོས་བླངས་ནས
199b8 བཅོམ་ལྡན་འདས་ག་ལ་དེ་སོང་སྟེ། ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་ཅིག་ཏུ་འདུག་གོ།། དེ་ནས་བཅོམ་ལྡན་འདས