e-texts navigator
Collection
Volume
Page
Wylie

199a1 ལས་ཆགིས་བདག་ལ་ལྷན་ཅིག་ཏུ་གནས་པར་འདོགས་པ། ཇི་ལྟ་བུ་ཞེ་ན། འདི་ལྟར་དགེ་སློང་གིས་ཤེས་བཞིན་དུ་ཆོས་བཞིན་མ་ཡིན་ལའི་སྲོག་ལཚམ
199a2 གྱི་ཕྱོགས་ཡིན་པར་འཇོག་པ་སྟེ། དེ་ལྟ་བུ་བདག་གིས་བདག་ལྷན་ཅིག་ཏུ་གནས་པར་འདོགས་པ་ཡིན་ནོ།། དགེ་འདུན་གྱིས་ཆོས་བཞིན་དུ་ལྷན་གཅིག་ཏུ་གནས་པར
199a3 འདོགས་པ་ཇི་ལྟ་བུ་ནི་དགེ་འདུན་གྱིས་ཆོས་བཞིན་དུ་ལྷན་གཅིག་ཏུ་གནས་པར་འདོགས་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགར་བར་བཅད་པའི་དགེ་སློང་དང་དགར་བས
199a4 བཅད་པའི་རྗེས་སུ་འབྲང་བ་དང་། དགར་བས་བཅད་པའི་རྗེས་སུ་འབྲང་རྣམས་བཏང་ནས། དགར་བར་བྱ་བའི་དགེ་སློང་དང་བླར་བྱེད་པའི་རྗེས་སུ་འབྲང་བ་དང་། དགར་ཁས་བྱེད་པའི་རྗེསུ་འང
199a5 བ་རྣམས་བཀུག་ནས། བཀའ་སྩལ་པ། དགེ་སློང་ཁྱེད་འཐབས་ཏེ། མཚངས་དྲུ་ཞིང་འགྱེད་ལ་བརྩོད་ཅིང་མ་འཁོད་ཅིག་ཅེས་ངས་བསྒོ་ཡང་། དེ་བཞིན་དུ་ཁྱེད་ལ
199a6 ཏེ། མཚང་འདྲུ་ཞིང་འཁོད་ལ་རྩོད་ཅིང་འཁོད་དོ།། ད་དུང་ཡང་གསོ་སྦྱོང་བྱས་པར་ས་ལ་གསོ་སྦྱོང་བྱས་པར་མི་བདེན་ནམ། གསོལ་པ། བཅོམ་ལྡན་འདས་མང
199a7 ལགས་སོ།། ཞེས་བྱ་བ་ནས། དེ་ལྟ་བུ་ནི་དགེ་འདུན་གྱིས་ཆོས་བཞིན་དུ་ལྷན་ཅིག་ཏུ་གནས་པར་འདོགས་པའོ།། ཞེས་བྱ་བའི་བར་དུ་སྔ་མ་བཞིན་སྦྱར་རོ།། དེ
199a8 ལྟར་དེ་དག་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་འཐབ་ཅིང་མཚང་འདྲུ་ལ། འགྱེད་ཅིང་བཙོད་དེ་འཁོད་དོ།། དེ་ནས་ཁྱིམ་བདག་གཅིག་གིས




iiif viewer powered by OpenSeadragon

198b - 199b

Texts on this page

F402 - las brgya tham pa