| e-texts navigator |
| Wylie |
198b1 བྱེད་དམ། སྐབས་འབྱེད་པའི་ལས་བྱེད་དམ། གསོལ་བ་དང་། གཉིས་ཀྱི་ལས་བྱེད་དམ། གསོལ་པ་དང་། གཞིའི་བྱེད་ཀྱང་རུང་སྟེ། ལས་དེ་དག་འཇིག
198b2 པར་འགྱུར་ཏེ། གཞག་དགོས་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་ཁྱེད་ནི་དེ་དག་ཐ་དད་པར་བྱེད་ལ། དེ་དག་ཀྱང་ཁྱེད་ལས་ཐ་དད་པར་བྱེད་པའི་ཕྱིར་རོ།། །
198b3 དགེ་སློང་དག་ཐ་དད་པར་གནས་པ་ནི་འདི་ཉིས་ཡིན་ཏེ། གང་བདག་ཉིད་ཀྱིས་བདག་ཐ་དད་པར་གནས་པར་འདོགས་པ་དང་། གང་དགེ་འདུན་འཐུན་པས་ཐ་དད་པར
198b4 གནས་འདོགས་པའོ།། དེ་ལ་དགེ་སློང་བདག་གིས་བདག་ཐ་དད་པར་འདོགས་པར་ཇི་ལྟ་བུ་ཞེ་ན། འདི་ལྟར་དགེ་སློང་གིས་ཤེས་བཞིན་དུ་ཆོས་བཞིན་གྱི་ཕྱོགས
198b5 ལ། ཆོས་བཞིན་མ་ཡིན་པའི་ཕྱོགས་ཡིན་པར་འཇོག་པ་དེ་ལྟ་བུ་ནི། བདག་གིས་བདག་ཐ་དད་པར་གནས་པར་འདོགས་པ་ཡིན་ནོ།། དགེ་འདུན་གྱི་ཆོས་བཞིན
198b6 དུ་ཐ་དད་པར་འདོགས་པ་ཇི་ལྟ་བུ་ཞེ་ན། འདི་ལྟར་དགེ་འདུན་གྱིས་དགེ་སློང་མི་སྣང་བར་དགར་བྱས་ཏེ། ཕྱིར་བཅོས་སུ་མེད་པ་དང་། ཕྱིར་དབྱུང་དུ་མེད་པའི་སྡིག་པ
198b7 ལྟ་བས་དགར་བར་བྱེད་པ་སྟེ། དེ་ལྟ་བུ་ནི་དགེ་འདུན་གྱིས་ཐ་དད་པར་གནས་པར་འདོགས་པ་ཡིན་ནོ།། དགེ་སློང་དག་ལྷན་གཅིག་ཏུ་གནས་པས་ནི་འདི་གཉིས
198b8 ཡིན་ཏེ། གང་གིས་བདག་ལྷན་གཅིག་ཏུ་གནས་པར་འདོགས་པ་དང་། གང་དགེ་འདུན་གྱིས་བཞིན་དུ་ལྷན་གཅིག་ཏུ་གནས་པར་འདོགས་པའོ།། དེ་ལ་བདག