e-texts navigator
Collection
Volume
Page
Wylie

198a1 བཀ་བྱས་བྱས་ན། གདེས་ཉེས་པའི་ཆོས་བཞིན་དུ་མཉན་པར་མི་བྱེད་ན། དེ་དག་གིས་མི་སྣང་བར་བྱས་ཏེ། གཞི་ངས་ན་དགེ་འདུན་གྱི་འཐབ་མོངས
198a2 མཚང་འདྲུ་བ་དང་། འགྱེད་པ་དང་རྩོད་པ་འབྱུང་བར་འགྱུར་རོ་སྙམ་དུ་རིག་ནས། འདོད་པ་མ་ཡིན་པས་གླེང་བར་མ་བྱེད་གཅིག། འདོད་པ་མ་ཡིན་པས་དྲན་པར་མ་བྱེད་ཅིག།
198a3 གལ་ཏེ། འདོད་པ་མ་ཡིན་པས་གླེང་བར་བྱེད་ན་འགལ་བར་འགྱུར་རོ།། དེ་ལྟར་དེ་དག་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཀྱང་། དེ་བཞིན་ནུ་འཐབ་ཅིང་འཚང
198a4 འདྲུལ་འགྱེད་ཅིང་གཅོད་དེ་འཁོད་ནས། ད་རུང་ཡང་གསོ་སྦྱོང་བྱས་པར་མི་རྩི་ནས། སྐབས་ཀྱི་གཏམ་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས།
198a5 བཅོམ་ལྡན་འདས་ཀྱིས་དགར་བས་བཅད་པའི་དགེ་སློང་དང་། དགར་བས་བཅད་པའི་རྗེས་སུ་འབྲང་བ་དང་། དགར་བས་བཅད་པའི་རྗེས་སུ་འདྲ་བ་རྣམས་བཀུག་ནས།
198a6 བཀའ་སྩལ་པ། དགེ་སློང་དག་ཁྱེད་འཐབས་ཏེ། མཚང་འབྲུ་ཞིང་འགྱེད་ལ་རྩོད་ཅིང་། མ་འཁོད་ཅིག་ངས་བསྒོ་ཡང་དེ་བཞིན་ཁྱེད་འཐབས་ཏེ། མཚང་འདྲུ་ཞིང
198a7 འགྱེད་ལ་རྩོད་ཅིང་འཁོད་དོ།། ད་དུང་ཡང་གསོ་སྦྱོང་བྱས་པར་མི་རྩི་བ་བདེན་ནམ། གསོལ་པ་བཅོམ་ལྡན་འདས་མེད་ལགས་སོ།། བཀའ་སྩལ་པ་དགེ་སློང་དག
198a8 ཁྱེད་འཐབས་ཏེ། མཚང་འདྲུ་ཞིང་འགྱེད་ལ་རྩོད་པར་མ་བྱེད་ཅིག། དགེ་སློང་དག་ཁྱེད་འཐབས་ཏེ། འཚང་འདྲུ་ཞིང་འགྱེད་པ་ལ་བརྩོད་ཅིང་འཁོད་ན་ནི། གསོ་སྦྱོ




iiif viewer powered by OpenSeadragon

197b - 198b

Texts on this page

F402 - las brgya tham pa